རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

༢༠༠༠ ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༥ ཐོག་བཀའ་སློབ་སྩལ་བ། October 14, 2021

འགྲེམ་སྤེལ།

༄༅། །༢༠༠༠ ཞི་བདེའི་ལྷན་ཚོགས་ ( Forum 2000 ) ཞེས་པའི་ཚོགས་འདུ་ཐེངས་ ༢༥ དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༠ ནས་ ༡༢ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ཏུ་ཚོགས་ཡོད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ ༢༠༠༠ ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༥ ཐོག་བཀའ་སློབ་སྩལ་དོན།

༢༠༠༠ ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུའི་གོ་སྐབས་དང་བསྟུན་ངོས་ཀྱིས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་ཀྱིས་རྣམ་པ་ཚོར་འཚམས་འདྲི་ཞུ་བཞིན་པའི་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་ (Vaclav Havel) མཆོག་གི་ཞལ་རས་ཡིད་ལ་ལྷང་ངེར་དྲན་གྱི་འདུག

དམ་པ་དེ་ཉིད་དངོས་གནས་དྲང་གནས་མི་ངོ་མཚར་ཅན་ཞིག་ཡོད། དེ་སྔ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་དང་ངེད་གཉིས་ཐུག་མ་ཐག་ཕན་ཚུན་དབར་རང་བཞིན་གྱིས་དམིགས་བསལ་ཚོར་བ་ཞིག་ཡོང་གི་ཡོད། ད་ལྟ་དམ་པ་དེ་ཉིད་ང་ཚོ་དང་ལྷན་དུ་སྐུ་འཚོ་བཞུགས་སུ་མེད་ནའང་། ཁོང་གི་དགོངས་བཞེད་དང་ཐུགས་བསྐྱེད་དམ་བཅའ་དག་ནི་ང་ཚོ་དང་གཏན་དུ་གནས་མུས་ཡིན།

ཁོང་ལ་བརྩི་བཀུར་དང་དགའ་མོས་ཞུ་མཁན་ཚང་མར་དམ་པ་དེ་ཉིད་ཀྱི་དགོངས་བཞེད་དང་བྱམས་བརྩེ་མུ་མཐུད་རྒྱུན་སྐྱོང་དང་ལག་བསྟར་ཞུ་རྒྱུའི་འགན་ཡོད། འཛམ་གླིང་མི་མང་ལ་ཁོང་གི་དགོངས་བཞེད་དང་བྱམས་བརྩེ་དགོས་མཁོ་ཅན་ཆགས་ཡོད། སྔར་འདས་ཟིན་པའི་དགེ་རྒན་དམ་པ་ཚོ་ནང་བཞིན་རེད། དགེ་རྒན་དམ་པ་དེ་དག་འདས་ཟིན་ཡོད་ཀྱང་། ཁོང་ཚོའི་གསུང་རབ་མུ་མཐུད་གནས་མུས་ཡིན། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་མཆོག་ད་ལྟ་སྐུ་འཚོ་བཞུགས་སུ་མེད་ཀྱང་། ཁོང་གིས་འཛམ་གླིང་མི་མང་གི་བདེ་སྡུག་སླད་དགོངས་བཞེད་གནང་བ་དེ་དུས་ལྟ་ཡིན་ནའང་དགོས་མཁོ་ཅན་ཆགས་ཡོད། དེར་བརྟེན་ཁོང་གི་བློ་ཐུབ་ཀྱི་གྲོགས་པོ་ངོས་རང་ལྟ་བུ་མཚོན་པའི་དམ་པ་ཁོང་ལ་ཡིད་སྨོན་ཞུ་མཁན་རྣམས་ལ་མུ་མཐུད་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བྱམས་བརྩེ་རྒྱུན་སྐྱོང་དང་ལག་བསྟར་ཞུ་རྒྱུའི་འགན་ཡོད། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།