རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

འཇར་མན་གྱི་སྲིད་འཛིན་དང་སྦེལ་ཇམ་གྱི་སྲིད་བློན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན། July 17, 2021

འགྲེམ་སྤེལ།

༄༅། །ཡུ་རོབ་ཁུལ་དང་ལྷག་པར་འཇར་མན་ནི་དང་སྦེལ་ཇམ་ནང་ཆར་ཞོད་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འཇར་མན་གྱི་སྲིད་འཛིན་ཨེན་གེ་ལ་མར་ཀེལ་ ( Angela Merkel) མཆོག་དང་སྦེལ་ཇམ་གྱི་སྲིད་བློན་ཨེ་ལེ་ཛན་ཌར་ཌེ་ཁི་རོ་ (Alexander De Croo) མཆོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཡུ་རོབ་ཀྱི་ནུབ་ཕྱོགས་ཁུལ་དང་ལྷག་པར་སྦེལ་ཇམ་དང་འཇར་མན་ནི་ནང་སྔར་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆག་ཚབས་ཆེན་ཐེབས་པའི་གནས་ཚུལ་མཐོང་ཐོས་བྱུང་བས་ངོས་རང་བློ་ཕམ་བྱུང་།

ཆུ་ལོག་གི་རྐྱེན་པས་མི་ཕྱུགས་གཉིས་ཀའི་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་ལ་གཏོར་བཤིག་ཐེབས་པ། དེ་བཞིན་མི་སྟོང་ཕྲག་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་ནི་ཧ་ཅང་སེམས་འཚབ་བྱེད་དགོས་པ་ཞིག་རེད། གནོད་འཚེ་ཐེབས་མཁན་རྣམས་ལ་རོགས་རམ་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་བཞིན་ཡོད་པ་ངོས་ཀྱིས་ཤེས་རྟོགས་བྱེད་ཐུབ་ཀྱི་འདུག ཆག་སྒོ་འདིའི་རྐྱེན་གྱིས་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཐུགས་གསོ་དང་ཚེ་སྲོག་ཤོར་མཁན་རྣམས་ལ་ཧ་ཅང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། རྐྱེན་ངན་འདིའི་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཡོད། ཅེས་འཁོད།།

གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།