རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༢༡ ལོའི་ལོ་གསར་ལ་སྩལ་བའི་འཚམ་འདྲིའི་གསུང་འཕྲིན། January 1, 2021

འགྲེམ་སྤེལ།

ད་ལམ་ངོས་ནས་ཕྱི་ནང་མི་རིགས་ཀུན་ལ་ཕྱི་ལོ་གསར་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་དུ་གོ་སྐབས་འདི་བརྒྱུད་དེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཕྱི་ལོ་གསར་པར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རྣམས་སེམས་སྤྲོ་པོ་ཡོང་བའི་རེ་བ་ཡོད།
 
དེ་ནས་གལ་ཆེ་བ་ཞིག་ནི། འདས་པའི་ལོ་དེ་སོ་སོས་བཟང་པོའི་བྱ་བ་བསྒྲུབས་ནས་བསྐྱལ་ཡོད་མེད་ཐད་བསམ་བློ་གཏོང་དགོས། དེ་ཡང་འདས་པའི་ལོའི་ནང་རབ་ལ་གཞན་ལ་ཕན་ཐོགས་བསྒྲུབས་པ་དང་། དེ་ལྟར་མ་བྱུང་ཡང་གཞན་ལ་གནོད་མ་བསྐྱལ་བའི་སྒོ་ནས་མི་ཚེ་བསྐྱལ་ཡོད་ན་ཁྱེད་ཀྱི་འདས་པའི་ལོ་དེ་དོན་དང་ལྡན་པ་བྱུང་ཡོད། དེ་ལྟ་མིན་པར་ལོ་སྔ་མའི་རིང་རང་དོན་ཁོག་བཅུག་བྱས་དྲགས་ཏེ། མི་གཞན་ལ་བཤུ་གཞོག་བཏང་བ་སོགས་བྱུང་ཡོད་ན་མི་ཚེ་དོན་ལྡན་ངང་བསྐྱལ་ཐུབ་པ་བྱུང་མེད། གལ་ཏེ་མི་སུ་འདྲ་ཞིག་གིས་མི་ཚེ་དེ་ལྟར་བསྐྱལ་ཡོད་ན། ད་ཆ་ལོ་གསར་པ་འགོ་ཚུགས་པ་ཡིན་པས། བསམ་བློ་འདི་ལྟར་དུ་གཏོང་དགོས། འདས་པ་ནི་འདས་པ་རེད། སང་ཉིན་ལོ་གསར་པ་ནས་བཟུང་སྟེ་རང་གི་ལུས་འདི་དང་མིང་འདི་གཉིས་སྔར་གྱི་དེ་ག་ཡིན་རུང་། རང་གི་མི་ཚེ་འདི་སྐྱེལ་སྟངས་དེ་སྔར་ལས་བྱམས་བརྩེ་ཆེ་བ་ཞིག་དང་དོན་སྙིང་ལྡན་པ་ཞིག་བྱ་སྙམ་པའི་བསམ་བློ་གཏོང་དགོས། ཁྱེད་རྣམས་ལ་ཕྱི་ལོའི་ལོ་གསར་གྱི་འཚམས་འདྲི་ཞུ་རྒྱུ་དེ་ཡིན།

ཡང་དེ་དང་ཆབས་ཅིག་ཞུ་རྒྱུར། ལོ་གསར་སྐབས་མི་རྣམས་ལྷན་འཛོམས་ཀྱིས་སྟོན་མོ་བཤམས་ཏེ་ཆང་འཐུང་བ་སོགས་སྤྲོ་སྐྱིད་གཏོང་གི་ཡོད་མོད། ཆང་ཅུང་ཟད་རེ་འཐུང་བ་ལས་དེ་མིན་ཆང་འཐུང་རྒྱུ་མང་དྲགས་ན་གང་འཚམ་ནས་ཕན་ཚུན་འཁྲུག་རྩོད་ཤོར་ཏེ་ལོ་གསར་པའི་དགའ་སྟོན་དེ་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ལོ་གསར་གྱི་དགའ་སྟོན་དེ་ཞི་འཇམ་ངང་ནས་གཏོང་རོགས་ཞུ་རྒྱུ་ཡིན། དེ་ཡང་ལོ་གསར་གྱི་ཉིན་མོ་ཙམ་དུ་མིན་པར་ལོ་ཧྲིལ་པོའི་རིང་དེ་ལྟར་གནང་དགོས་པ་བཅས། བཀྲ་ཤིས་བདེ་ལེགས།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།