རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་མང་གཙོའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་བ། December 9, 2020

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ལ་ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་དུས་སྟོན་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (National Democratic Institute’s Democracy Award) གིས་མང་གཙོའི་གཟེངས་རྟགས་ཕུལ་བར་ཐུགས་དགྱེས་ཚོར་ངང་བརྙན་འཕྲིན་བརྒྱུད་འཚམས་འདྲིའི་གསུང་འཕྲིན་སྩལ་དོན། 

བཀུར་འོས་བློས་ཐུབ་ཀྱི་གྲོགས་པོ་ལྕམ་སྐུ་ནེན་སེ་པི་ལོ་སི་ལགས། ངོས་རང་གིས་དངོས་གནས་དྲང་གནས་སྐུ་ཉིད་ཀྱིས་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་སྒོ་ནས་བོད་མིའི་འཐབ་རྩོད་སླད་རྒྱབ་སྐྱོར་གནང་བཞིན་པར་ཡིད་རངས་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་བོད་ལ་གཟིགས་སྐོར་ཕེབས་མྱོང་ཡོད་པ་མ་ཟད། རྒྱ་གར་རྡ་སར་ཡང་ཕེབས་མྱོང་ཡོད།

དེར་བརྟེན། ངོས་རང་གིས་དངོས་གནས་དྲང་གནས་སྐུ་ཉིད་མཆོག་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་ཤ་ཚ་དང་གྲོགས་པོའི་འདུ་ཤེས་བསྟན་པ་ཙམ་མ་ཡིན་པར། སྐུ་ཉིད་མཆོག་གིས་ཤ་ཚ་དང་། གྲོགས་པོའི་འདུ་ཤེས། དེ་བཞིན་སྙིང་སྟོབས་བསྐྱེད་ནས་དྲང་བདེན་གྱི་དོན་དུ་ཆོད་སེམས་བརྟན་པོའི་སྒོ་ནས་ལངས་ཡོད། ལྕམ་སྐུ་ནེན་སེ་པི་ལོ་སི་མཆོག་ལ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གིས་མང་གཙོའི་གཟེངས་རྟགས་ཕུལ་བར་ངོས་རང་གིས་དགའ་ཚོར་ཧ་ཅང་ཆེན་པོ་སྒོ་ནས་འཚམས་འདྲི་ཞུ་འདོད་བྱུང་། སྐུ་ཉིད་མཆོག་གིས་ང་ཚོའི་རིག་གཞུང་གི་ཆེད་དུ་རོགས་གནང་བཞིན་པར་ངོས་རང་གིས་ཧ་ཅང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

བོད་མི་རྣམས་ལ་མཚོན་ན་སྐུ་ཉིད་མཆོག་གི་སྐུ་ཚེ་ཤིན་ཏུ་རྩ་ཆེན་དང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ངོས་རང་གིས་སྐུ་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཡོད། 

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།