རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཇོན་ཧེའུམ་གྲོངས་པ་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ། August 4, 2020

འགྲེམ་སྤེལ།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཇོན་ཧེའུམ་(John Hume)གྲོངས་པ་ལ་ཁོང་གི་སྐུ་ཟླ་པེ་ཊྲི་ཤེ་ཡ་ཧེའུམ་(Patricia Hume)ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། “ཁྱེད་ཀྱི་སྐུ་ཟླ་སྐུ་ཚེ་མ་བརྟན་པའི་གནས་ཚུལ་ཐོས་པས་བློ་ཕམ་བྱུང་ལ། ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ལ་བཅོས་མིན་སེམས་གསོ་ཡོད།” ཅེས་དང་།

“བྱང་ཨ་ཡར་ལནྜ་ལ་ངོས་ཐེངས་འགའ་ཞིག་སླེབས་པའི་དུས་སྐབས་ཤིག་ཏུ་ཇོན་ཧེའུམ་དང་མཇལ་འཕྲད་བྱུང་བས་དགའ་སྤོབས་ཆེན་པོ་བྱུང་། ཁོང་གིས་གྲོས་མོལ་གྱི་ལམ་ནས་(Northern Ireland)བྱང་ཨ་ཡར་ལནྜའི་དཀའ་རྙོག་སེལ་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་གནང་སྟེ་འཚེ་བ་མེད་པའི་ལམ་ནས་དཀའ་རྙོག་སེལ་བའི་ཐབས་ལམ་ཡང་དག་པ་ཞིག་དཔེ་མཚོན་དུ་བསྟན་ཅིང་། འཚེ་མེད་ཞི་བའི་ནུས་པ་ལ་ཡིད་ཆེས་དང་སྣེ་ཁྲིད་ལ་བརྟེན་ནས་ཕྱི་ལོ་ ༡༩༩༨ ལོར་གྲོས་མཐུན་(Good Friday Agreement)བཞག་ཐུབ་པ་བྱུང་ཡོད་ལ། རང་རེས་ཀྱང་འཚེ་མེད་ཞི་བའི་སྒོ་ནས་རྒྱུན་མཐུད་འབད་བརྩོན་བྱས་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པའི་དཔེ་མཚོན་བཟང་པོ་ཞིག་བསྟན་ཡོད།”
“ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཁོང་འདས་གྲོངས་སུ་གྱུར་ཟིན་ནའང་། སེལ་ཐབས་དཀའ་བའི་དཀའ་རྙོག་གི་རིགས་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་ཇི་ལྟར་སེལ་དགོས་པར་བསྟན་པའི་བསླབ་བྱ་ལམ་སྟོན་ཁག་རྒྱུན་མཐུད་དེ་གནས་ངེས་ཡིན། མདོར་ན། ཁོང་གིས་སྐུ་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་གནང་ཡོད།” ཅེས་གསུངས་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།