རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཡུ་རོབ་མཐུན་ཚོགས་ལ་སྩལ་བའི་གསུང་འཕྲིན། July 22, 2020

འགྲེམ་སྤེལ།

བར་ལམ་ནད་ཡམས་ཀྱི་རྐྱེན་པས་རྒྱལ་ཁབ་གང་སར་དཀའ་ངལ་ཆེན་པོ་འཕྲད་པར་བརྟེན། ཡུ་རོབ་མཉམ་འབྲེལ་གྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ནང་དཀའ་ངལ་སེལ་བའི་ཆེད་དུ་ཉིན་ཤས་རིང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་དབུ་ཁྲིད་རྣམས་ལྷན་འཛོམས་ཀྱིས་གདོང་ལེན་བྱེད་ཐབས་བཀའ་སྡུར་ལྷུག་པོར་གནང་འབྲས་སུ། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་དོན་ལ་དགོངས་བཞེས་གྲོས་མཐུན་གང་ལེགས་བྱུང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་། གོང་གསལ་ཐག་གཅོད་དེས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་རྣམས་ནས་དངོས་ཡོད་གནས་ཚུལ་དང་ཕུགས་རྒྱང་རིང་པོར་བསམས་ནས་སྤྱི་པའི་བདེ་དོན་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་བསྟན་པ་ཡིན།

ངོས་ཀྱིས་རྒྱུན་དུ་རྗོད་མུས་ལྟར། ཡུ་རོབ་མཉམ་འབྲེལ་གྱིས་སྤྱི་པའི་བདེ་དོན་སྒྲུབ་པའི་རྣམ་པ་གསལ་པོར་བསྟན་པ་ནི་གཟི་བརྗིད་དང་ཡི་རང་བྱེད་འོས་པ་ཞིག་ཡིན།

དེ་ལྟ་བུའི་གལ་ཆེའི་གནད་དོན་ཐོག་གྲུབ་འབྲས་གང་ལེགས་བྱུང་བ་ལྟར། མ་འོངས་པར་ཡང་ཁོར་ཡུག་གི་དཀའ་ངལ་སོགས་ཚབས་ཆེའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་པའི་ཚེ་ཡང་གྲུབ་འབྲས་དེ་ལྟ་བུ་ཐོན་པའི་རེ་བ་དང་། སྙིང་སྟོབས་ལྡན་པའི་ཡུ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་དེ་རྒྱལ་ཁབ་གཞན་གྱི་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད།       ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༢ ལ།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།