རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་གཏན་འཁེལ་བ། June 3, 2020

འགྲེམ་སྤེལ།

༄༅། །ལོ་ལྟར་དུས་ཚེས་ཁྱད་པར་ཅན་ས་ཟླའི་ཚེས་བཅོ་ལྔ་ལ་འདི་ག་གཙུག་ལག་ཁང་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་བཞིན་པ་ལྟར། འདི་ལོའི་བོད་ཚེས་བཅོ་ལྔར་ཡང་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་ ༩ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་གཏན་འཁེལ་བ་ལགས་ན་དད་ལྡན་དོན་གཉེར་ཅན་རྣམས་ནས་དུས་ཐོག་༸གོང་ས་མཆོག་གི་བོད་སྐད་སོགས་དྲྭ་ཚིགས་དུ་མ་ནས་གསན་བཞེས་གནང་འཐུས། དེ་དོན་དགོངས་འཇགས་ཞུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས།

དུས་ཚོད། 

བོད་ཟླ་ ༤ ཚེས་ ༡༥ སྔ་དྲོ་ཆུ་ཚོད་༩།༠༠
ཕྱི་ཟླ་  ༦ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༩།༠༠ 

༼སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་། ལྷག་པར་བཀའ་ཆོས་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་། ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། འདིའི་ཐད་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་། དངོས་གཞི་བཀའ་ཆོས་འཚོགས་པའི་སྐབས། དེ་བཞིན་མར་འགྲོལ་བའི་སྐབས་བཅས། མདོར་ན་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་རོགས་ཞེས་ནན་ཏན་དུ་ཞུ་རྒྱུ་ཡིན། གནས་ཚུལ་གཉན་འཕྲང་ཅན་གྱི་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་ཀྱང་ཞུ་རྒྱུ་ཡིན།༽

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།