རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ར་དབུ་འབྱེད་དང་ཚན་རིག་ལས་རིམ་མཛད་སྒོར་དབུ་བཞུགས། December 14, 2019

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་བཀའ་བཞེས་སྨིན་སྩལ་གྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་གཟིམ་ཁང་ནས་ཆིབས་ཐོན་གྱིས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ལས་ཟུར་དང་། དབུ་ཆོས་རྣམ་གཉིས། རྒྱལ་སྲས་བླ་སྤྲུལ། གཞན་ཡང་སྐྱ་སེར་མི་མང་རྣམས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པར་སྤྱན་དྲངས་པ་དང་། ཆོས་ར་གསར་བའི་ནང་༸ཞབས་སོར་འཁོད་མཚམས་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྐུ་གསང་ཐུགས་རྟེན་ལ་རབ་གནས་བྱིན་འབེབས་གནང་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད། དེ་ནས་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་ནས་མཎྚལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་སྦྱིན་བདག་གཙོ་བོ་དང་། གནད་ཡོད་འགའ་ལ་ལག་རྟགས་གསོལ་སྩལ་དང་མཇལ་ཁ་གནང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

དེ་རྗེས་མཁན་རིན་པོ་ཆེ་མཆོག་ནས་ཆོས་ར་གསར་བའི་དབུ་འབྱེད་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་དང་བཅས་མཛད་རིམ་གྲུབ་རྗེས་ཆུ་ཚོད་༩།༠༠ བའི་ཐོག་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱིས་མི་སྣ་རྣམས་ཀྱིས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དངོས་གཞི་ལག་བསྟར་རིམ་པ་དང་ད་ལྟའི་བར་ལས་དོན་ཅི་གནང་༸སྙན་སྒྲོན་ཞུས་པ་དང་། ཆུ་ཚོད་ ༡༠།༠༠ ཙམ་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱའི་ཨ་མའི་ལྟ་མགུར་གཉིས་ཀྱི་ཆོས་འབྲེལ་དང་འབྲེལ་དང་བཀའ་སློབ་ཟབ་མོ་བཀའ་དྲིན་ལེགས་པར་གནང་གྲུབ་རྗེས་འདུས་ཚོགས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གསུམ་གྱི་སྒོ་ནས་ཕེབས་སྐྱེལ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་འཁོར་ལས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་གཟིམ་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ་བཅས།

གནས་ཚུལ་གཏོང་མཁན། ངག་དབང་ཉི་མ་ལགས།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།