རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཚོང་ལས་འགོ་ཁྲིད་དང་ཁྱད་ལས་པ་རྣམས་ལ་བཀའ་སློབ་སྩལ་བ། May 6, 2019

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་། ཝེ་ཏི་ནམ། ཨུ་རུ་སུ་བཅས་ཀྱི་ཚོང་ལས་འགོ་ཁྲིད་དང་ཁྱད་ལས་པ་གྲངས་ ༩༨ ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་འཚམ་འདྲི་དང་བཅས་བཀའ་སློབ་སྩལ་དོན། ང་ཚོ་མི་ཚེའི་ནང་དོན་དམ་པའི་དགོས་དམིགས་གཙོ་བོ་ནི། གཞན་ལ་ཞབས་འདེགས་གང་ཐུབ་བསྒྲུབ་རྒྱུ་དེ་ཡིན། ངོས་ཀྱིས་ཉིན་རེའི་ཉམས་ལེན་ནང་ལུས་ངག་ཡིད་གསུམ་གཞན་གྱི་བདེ་སྡུག་གི་ཆེད་དུ་བློས་གཏོང་བྱེད་ཀྱི་ཡོད། ཆོས་ཀྱི་དོན་ངོ་མ་དེ་རེད་ལ། རྒྱ་གར་གནའ་རབས་ཀྱི་ལེགས་བཤད་འཚེ་བ་མེད་པ་དང་སྙིང་རྗེ་ཡང་དེ་རེད། ངོས་རང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་ཡིན། ཆུང་བྱིས་པའི་སྐབས་ནས་ངོས་ཀྱིས་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་བོད་ལ་དར་བའི་ནང་པའི་གཞུང་གི་རྩ་བ་དེ་དག་བློར་བཟུང་བ་ཡིན། དེ་ནས་གཞུང་གི་རྩ་བའི་ཚིག་འབྲུ་རེ་རེ་བཞིན་རིགས་ལམ་ཐོག་ནས་འགྲེལ་བཤད་བརྒྱབ་ནས་སྦྱངས་པ་ཡིན།

ངོས་ཀྱིས་རྒྱ་གར་གྱི་གྲོགས་པོ་ཚོར་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཞིག་ལ། ཁྱེད་ཚོས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ཚད་མ་རིག་པ་སྦྱང་རོགས། དེ་ནི་དངོས་གནས་ཧ་ལས་པ་རེད། ངོས་རང་དཔལ་ནཱ་ལེནྡྲའི་ལེགས་བཤད་སྦྱོང་མཁན་སློབ་མ་ཞིག་ཡིན་པའི་ངོས་ནས་བཤད་ན། སེམས་ཞི་ཞིང་དུལ་བ་ཡོང་བར་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་དངོས་གནས་དྲང་གནས་ཕན་ཐོགས་པོ་འདུག ཅེས་བཀའ་སློབ་སྩལ་རྗེས། མཇལ་བཅར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ།

བཀའ་སློབ་ཀྱི་མཇུག་ཏུ་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་བ་ཚོར་རང་གི་གནའ་རབས་ཀྱི་ལེགས་བཤད་དེ་དག་བསྐྱར་གསོ་གནང་ཐུབ་དགོས་པ་དང་། ལྷག་པར་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་དེང་རབས་ཤེས་ཡོན་སྡེ་ཚན་ཁོངས་སུ་འཇོག་དགོས་སྐོར་བཀའ་སློབ་སྩལ་བ་མ་ཟད། རྒྱ་གར་འཕགས་ཡུལ་འདི་ཉིད་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་བྱེད་ཡུལ་ཞིག་ཏུ་འགྱུར་ཐུབ་རྒྱུ་ཡིན་པ་དང་། དེ་ལྟར་རྒྱ་གར་མ་གཏོགས་རྒྱལ་ཁབ་གཞན་གྱིས་དེ་ལྟར་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། ཝི་ཏི་ནམ་ལ་མཚོན་ན་ལོ་རྒྱུས་ཐོག་ནས་ནང་པ་ཡིན་པ་དང་། ཨུ་རུ་སུའི་ནང་པ་ཚོ་བོད་དང་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཤུགས་ཆེན་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།