རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོའི་བསླབ་གཞི་རྩ་འཛིན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་གནང་བ། April 4, 2019

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨན་དཱཛ་གསོལ་མགྲོན་ཁང་ (Andaz Hotel) གི་ཚོགས་ཁང་ནང་ཏཱ་ལ་འི་བླ་མའི་དགེ་རྩ་དང་། ཨེ་མོ་རི་མཐོ་སློབ། ཝ་ན་ཐེབས་རྩ། Vana Foundation བཅས་ཐུན་མོང་གི་གོ་སྒྲིག་ཞུས་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་༸གོང་ས་མཆོག་གི་དགོངས་གཞི་ཇི་བཞིན་ཆེད་བསྒྲིགས་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའམ། SEE Learning ཞེས་པའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་གནང་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨབ་གྷན་ན་སི་ཐན་དང་བྷང་ལ་དེ་ཤི། བལ་ཡུལ། འབྲུག མལ་དིབ་སི། པ་ཀི་སི་ཐན། ཤྲི་ལངྐཱ་སོགས་ཡོང་གྲགས་སུ་ SAARC ཞེས་པའི་མཐུན་ཚོགས་རྒྱལ་ཁབ་ཁག་ནས་ཚོགས་འདུར་ཕེབས་མཁན་གྱི་སློབ་ཕྲུག་རྣམས་ལ་ཆུ་ཚོད་གཅིག་ཙམ་རིང་བཀའ་སློབ་སྩལ་བ་དང་། དེ་རྗེས་གསར་འགོད་ལྷན་ཚོགས་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ Bren dan Ozawa de Silva ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་བའི་རྒྱུད་རིམ་ངོ་སྤྲོད་གནང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སློབ་སྟོན་པ་དང་། གསར་འགོད་པ་སོགས་ལ་བཀའ་སློབ་སྩལ་དོན། བྱམས་བརྩེས་ཕོངས་པའི་མི་སྡེའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་ཐབས་མེད། དེར་བརྟེན། དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སློབ་གསོ་ངེས་པར་དུ་དགོས། འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད། དཀའ་ངལ་དེ་དག་མིག་རྒྱང་ཐུང་ཐུང་དང་། ཉོན་མོངས་པའི་གཞན་དབང་དུ་སོང་བར་བརྟེན་ནས་ཡོང་བ་ཞིག་རེད།

དེར་བརྟེན། སྨོན་ལམ་བརྒྱབ་པ་ཙམ་གྱིས་དཀའ་ངལ་སེལ་རྒྱུ་ནི་ཡོང་ཐབས་མེད་པས་བྱ་བ་བཟང་ངན་ཇི་འདྲ་ཞིག་ཡིན་ཡང་། གཙོ་བོ་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་གཙོ་བོ་ཡིན་སྟབས་དུས་རབས་འདི་འཚེ་མེད་ཞི་བ་བྱམས་བརྩེའི་དུས་རབས་ཤིག་བཟོ་མིན་མིའི་ཀུན་སློང་ལ་རག་ལས་ཡོད། ཤེས་ཡོན་གྱི་ལམ་ནས་མིའི་ཀུན་སློང་ཇེ་བཟང་དུ་གཏོང་ཐུབ་པ་ཡིན་ན་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།