རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

༸གོང་ས་མཆོག་གིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། September 26, 2018

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་རྒྱལ་ཁབ སུ་བེ་ཌིན་དང་། Sweden ནེ་ཌིར་ལན་ཌི། The Neitherlands འཇར་མ་ནི། Germany སུད་སི་ Switzerland བཅས་སུ་མི་མང་ལ་གསུང་ཆོས་དང་བཀའ་སློབ་སྩལ་བ་སོགས་ཟླ་ཕྱེད་ལྷག་གི་རིང་མཛད་འཕྲིན་བསྐྱངས་སྟེ་དེ་རིང་ཚེས་ ༢༦ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་ཉིན་གུང་ཆུ་ཚོད་ ༡༢།༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁུལ་དུ་ཡོད་པའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་ལགས་སོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་ཚབ་བཅས་ནས་ཕེབས་བསུ་ཞུས་པ་དང་། གནམ་ཐང་དེ་གར་གསར་འགོད་པ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆིབས་སྒྱུར་གྱི་མཛད་འཆར་ཁག་ཇི་ལྟར་བྱུང་བའི་སྐོར་བཀའ་འདྲི་ཞུས་པར་ཧ་ཅང་ཡག་པོ་བྱུང་བ་དང་། སྐུ་ཐང་ཕྲན་བུ་ཆད་སྟབས། ད་ཆ་སྐུ་ངལ་གསོ་རྒྱུའི་དུས་ཚོད་ཕྲན་བུ་དགོས་སྐོར་བཀའ་ལན་སྩལ་ཡོད་པ་དང་། གྷ་གྷལ་གནམ་ཐང་ནས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་མང་གིས་ལག་ཏུ་དཀར་གཙང་མཇལ་དར་དང་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་ཞུས་པ་དང་། བཞུགས་སྒར་ཕོ་བྲང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་པས་ཕེབས་བསུ་ཞུས་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།