རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་གནང་སྒོ་མཇུག་གྲུབ་པ། September 7, 2018

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་གྲུབ་ཡོད་པ་རེད།

ཟླ་འདིའི་ཚེས་ ༤ ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དང་། དགེ་བསྙེན་དང་སེམས་བསྐྱེད་བསྐྱེད་ཀྱི་སྡོམ་པ་འབོག་ཆོག དེ་བཞིན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཅས་བཀའ་དྲིན་སྩལ་རྗེས་ཀྱི་དེ་རིང་ཚེས་ ༧ ཉིན་ཞོགས་པ་ནས་ཕོ་བྲང་དུ་མཇལ་ཁ་རུ་ཕེབས་མཁན་རྣམས་ལ་མཇལ་ཁ་གནང་བ་སོགས་མཛད་འཕྲིན་ཁག་ཅིག་བསྐྱངས་རྗེས་ཆུ་ཚོད་ ༡༠།༢༠ ཡོལ་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། གཙུག་ལག་ཁང་གི་ཆོས་ར་རུ་རྒན་གཅོང་སོགས་སྡེ་ཁག་གཅིག་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་པ་དང་། དེ་ནས་ཐེངས་འདིར་ཆོས་ཞུ་རུ་ཕེབས་པའི་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་ཡོངས་དང་ལྷན་དུ་སྐུ་པར་ལྷན་སྒྲོན་མཛད་རྗེས་གཙུག་ལག་ཁང་དུ་ཕེབས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཆོས་ཞུ་བ་རྣམས་ལ་སྔ་དྲོ་བདེ་ལེགས་ཞེས་འཚམ་འདྲི་དང་འབྲེལ་དེ་རིང་དྲི་བ་དྲིས་ལན་ཡིན་ཞེས་བཀའ་ཕེབས་པ་དང་། ཆོས་ཞུ་བ་རྣམས་ཀྱིས་དེང་སང་སྤྱི་ཚོགས་ནང་བྲེལ་བ་ཆེ་བའི་གནས་བབ་དང་ཆོས་གཉིས་མཉམ་དུ་སྦྱར་དགོས་དུས་ཟུང་འབྲེལ་ཇི་ལྟར་བྱེད་དགོས་པ་རེད་དམ་ཞེས་སོགས་ཀྱི་དྲི་བ་ཞུས་རིམ་བཞིན་བཀའ་ལན་སྩལ་བ་དང་།

ཆུ་ཚོད་ ༡༡།༤༠ ཙམ་ལ་དྲི་བར་བཀའ་ལན་གྲུབ་རྗེས་ཡུལ་ལུང་ཁག་གི་ཆོས་ཞུ་བ་རྣམས་སྡེ་ཚན་རེ་རེ་བཞིན་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་རྗེས་ཉིན་བཞིའི་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་ལ་རྒྱལ་ཁབ་ ༧༡ ནས་ཡུལ་ལུང་སོ་སོའི་བླ་མ་དང་མཁན་པོ། དེ་བཞིན་དགེ་བསྙེན་དང་ཁྱིམ་པ་ཕོ་མོ་སོགས་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་གདན་ས་ཁག་གི་མཁན་ལས་ཟུར་མང་པོས་གཙོས་གྲྭ་བཙུན་སྔགས་གསུམ་སོགས་ཁྱོན་མི་གྲངས་ ༦༠༠༠ ཕེབས་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།