རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

གསུང་འབུམ་འགྲེམས་བརྡ། August 22, 2018

འགྲེམ་སྤེལ།

གསལ་བསྒྲགས།

༈ཉེ་ལམ་དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་འཕགས་མཆོག་ཕྱག་ན་པདྨོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསུང་འབུམ་ལས། དགེ་ལྡན་པའི་ལམ་རིམ་ཆེན་མོ་དང་། རྙིང་མའི་ཀུན་བཟང་བླ་མའི་ཞལ་ལུང་། བཀའ་བརྒྱུད་པའི་དྭགས་པོ་ཐར་རྒྱན། ས་སྐྱ་པའི་ཐུབ་པ་དགོངས་གསལ་བཅས་ཆོས་བརྒྱུད་བཞིའི་ལམ་རིམ་གྱི་བཀའ་ཁྲིད་གཙོ་བོར་གྱུར་པའི་དགེ་ལྡན་ཕྱག་ཆེན་རྩ་འགྲེལ་གྱི་བཀའ་ཁྲིད་དང་། ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོའི་བཀའ་ཁྲིད། ལམ་གཙོའི་བཀའ་ཁྲིད་དང་གལ་ཆེའི་བཀའ་སློབ་ཁག་གཉིས་བཅས་པོད་དགུ་དཔར་བསྐྲུན་ཞུས་ཡོད་པ་དང་། གསུང་འབུམ་དེ་དག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ སྐུའི་འཁྲུངས་སྐར་ཉིན། ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་ཡོད། པོད་སོ་སོའི་རིན་འབབ་རིན་གོང་ཕྱེད་བཅག་རེའུ་མིག་ནང་གསལ་ལྟར་འགྲེམས་སྤེལ་བྱེད་ཀྱི་ཡོད་ན། ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་སྒར་ཁག་དང་། དེབ་འཚོང་ཁང་ཁག་ནས་འོག་གི་ཁ་པར་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། དགའ་ལྡན་ཕོ་བྲང་གསུང་འབུམ་ཕྱོགས་སྒྲིག་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༨ ཚེས་༢༢ ལ།

འབྲེལ་གཏུགས་གནང་ཡུལ།

བསྟན་འཛིན་ཆོས་བཟང་། +917018493959
བློ་བཟང་དབང་ལྡན། +918553372088

ཨང་། / ཕྱག་དེབ་ཀྱི་མཚན་བྱང་། / མ་གནས། / ཕྱེད་བཅག

༡ / བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད། པོད་གསུམ། རྒྱབ་ཤ་སྤུས་ལེགས། / 1225 / 620

༢ / ཀུན་བཟང་བླ་མའི་ཞལ་ལུང་དང་སེམས་ཉིད་ངལ་གསོའི་བཀའ་ཁྲིད། རྒྱབ་ཤ་སྤུས་ལེགས། / 330 / 170

༣ / དྭགས་པོ་ཐར་རྒྱན་གྱི་བཀའ་ཁྲིད། རྒྱབ་ཤ་སྤུས་ལེགས། / 225 / 220

༤ / ཐུབ་པ་དགོངས་གསལ་དང་སྡོམ་གསུམ་རབ་དབྱེ་སོགས་ཀྱི་བཀའ་ཁྲིད། རྒྱབ་ཤ་སྤུས་ལེགས། / 210 / 110

༥ / དགེ་ལྡན་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་དང་བླ་མ་མཆོད་པའི་བཀའ་ཁྲིད། རྒྱབ་ཤ་སྤུས་ལེགས། / 240 / 120

༦ / ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོའི་བཀའ་ཁྲིད། རྒྱབ་ཤ་དཀྱུས་མ། / 65 / 40

༧ / ལམ་གཙོའི་བཀའ་ཁྲིད་དང་གལ་ཆེའི་བཀའ་སློབ་ཁག་གཉིས། རྒྱབ་ཤ་དཀྱུས་མ། / 90 / 50

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།