རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ། January 2, 2018

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་ཆིབས་བསྒྱུར་གྱིས་དེར་བཞུགས་པའི་བྱང་ཆུབ་ལྗོན་ཤིང་མདུན་དུ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་མཆོད་བཤམས་སུ་མར་མེ་ཞལ་འབྱེད་དང་། རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དྲུང་དུ་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་སྦྲགས་ཐུགས་སྨོན་མཛད་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་རྒྱ་བོད་འབྲུག་གསུམ་གཙོ་བོར་གྱུར་བའི་ཧི་མཱ་ལ་ཡ་མི་རིགས། ནང་པ་མིན་པའི་ཡུལ་གྲུ་གཞན་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བས་ལག་ཏུ་མེ་ཏོག་དང་མཇལ་དར། བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་དང་མཇལ་ཁ་ཞུས་པ་དང་། 

བྱང་ཆུབ་མཆོད་རྟེན་ཆེན་མོའི་རྒྱལ་སྒོའི་དྲུང་དུ་དཔལ་ས་སྐྱའི་ཁྲི་འཛིན་རཏྣཱ་བཛྲ་རིན་པོ་ཆེ་མཆོག་དང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་རིན་པོ་ཆེ་མཆོག་རྣམ་གཉིས་དང་ནང་པའི་རྗེས་འཇུག་གི་དགེ་འདུན་པ་གཞན་ཁག་ཅིག་གིས་ཕེབས་བསུ་དང་འབྲེལ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༢༦ པ་འཚོགས་བཞིན་པར་ཐུགས་སྨོན་མཛད་པ་དང་། དེ་ནས་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་བཞུགས་པའི་སྟོན་པའི་སྐུ་བརྙན་གྱི་དྲུང་དུ་ཆིབས་སྒྱུར་གྱིས་ཤེས་རབ་སྙིང་པོ་གསུང་འདོན་དང་ཐུགས་སྨོན་མཛད་ཡོད་པ་བཅས།།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།