སེམས་ཅན་མཐའ་དག་ལ་ཁྱབ་པའི་སྙིང་རྗེ།
འགྲོ་བ་སེམས་ཅན་མཐའ་དག་ལ་ཁྱབ་པའི་སྙིང་རྗེ་ནི། ཁོ་ཚོའི་སྡུག་བསྔལ་ཤེས་པ་ལས་འབྱུང་དགོས་ལ། སྡུག་བསྔལ་སྒོམ་པའི་ཐབས་ལམ་དམིགས་བསལ་བ་གཅིག་ནི། ང་ཚོས་རང་ཉིད་ཀྱི་སྡུག་བསྔལ་བསྒོམས་ན། སྔར་ལས་ལྷག་པའི་ནུས་ཤུགས་དང་གྲུབ་འབྲས་ལྡན་པ་ཞིག་ཏུ་འབྱུང་བ་དང་། དེ་ནས་ང་ཚོས་སྒོམ་འདི་གཞན་གྱི་སྡུག་བསྔལ་གྱི་སྟེང་དུ་རྒྱ་སྐྱེད་བྱ་དགོས།
སྙིང་རྗེའི་བློ་གཏིང་ཇེ་ཟབ་ཏུ་གཏོང་དགོས།
དང་ཐོག་མི་དགེ་བའི་སེམས་དང་སེམས་བྱུང་རྣམས་ཐད་ཀར་དྲུངས་ནས་འབྱིན་མི་ཐུབ་ནའང་། མ་མཐའ་ཡང་རང་ཉིད་བློ་དེ་དག་གི་དབང་དུ་མི་འགྲོ་བ་ཞིག་བྱེད་དགོས། དེ་ནས་ང་ཚོས་སྙིང་རྗེའི་བློ་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། རང་རྒྱུད་ཀྱི་ཉོན་མོངས་རྣམས་ལ་ཐད་ཀར་ཁ་གཏད་གཅོག་པར་སྒོམ་གྱི་སྟེང་ལ་འབད་དགོས།
གཞན་སེམས་དང་སྙིང་རྗེའི་བློ་དེ་བསྐྱར་དུ་སྟོབས་ཤུགས་རྒྱས་པར་བྱེད་ཆོག །
ང་ཚོ་སྒོམ་ལ་གོམས་འདྲིས་ཇེ་ཟབ་ཏུ་སོང་བ་དང་། ང་ཚོས་འདོད་པ་ལྟར་དུ་སྒོམ་གྱི་རྣམ་པ་འདི་གཉིས་རེས་མོས་བྱས་ནས་སྒོམ་ཐུབ།
དགྲ་བོར་སྙིང་རྗེ་ཤུགས་དྲག་ཅིག་བསྐྱེད་ཐུབ་ཚེ་ཉམས་ལེན་ལེགས་འགྲུབ་བྱུང་བ་ཡིན།
ང་ཚོས་རང་གི་དགྲ་བོ་དེ་བཟོད་པའི་ཉམས་ལེན་གྱི་རྒྱུ་གལ་ཆེན་དུ་མཐོང་ཐུབ་པར་མ་ཟད། དགྲ་བོའི་ཕྱོགས་ལ་གཞན་ལས་ཀྱང་སྙིང་རྗེ་ཤུགས་དྲག་ཅིག་བསྐྱེད་ཐུབ་ཚེ། དེ་ནི་ང་ཚོའི་ཉམས་ལེན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཡིན།
ཅི་འདྲའི་སྙིང་རྗེ་དགོས་པ་ཞིག་རེད་ཨང་ཞེས་སྙམ་གྱི་ཡོད།
སྡུག་བསྔལ་གྱི་རང་བཞིན་རྟོགས་པ་དང་། དེའི་དོན་ངོས་འཛིན་བྱེད་པ་ཙམ་གྱིས་མི་ཆོག་པར། སྡུག་བསྔལ་ལས་གྲོལ་བའི་གོ་འཕང་ཞིག་ཡོད་པ་ཤེས་རྒྱུའང་གལ་ཆེན་པོ་ཡིན། འདིར་བདེན་པ་བཞིའི་རྣམ་གཞག་དེ་འབྲེལ་ཡོད་དུ་གྱུར་ཡོད་ལ། འདི་ནི་ནང་པའི་ཐེག་པ་ཆེ་ཆུང་ཀུན་ལ་ཐུན་མོང་བ་ཞིག་ཡིན།
ཕན་ཚུན་འབྲེལ་བ་ཆགས་ཚུལ་འདིའི་ཁོངས་སུ་ལྷད་མེད་པའི་སྙིང་རྗེ་ཡང་འདུས་ཡོད།
སྒོར་མོ་ལ་ཞེན་པའི་སྲེད་པ་དེ་གང་གི་ཁོངས་སུ་གཏོགས་པ་ཡིན་ནམ། མི་ཞིག་སྒོར་མོའི་བཟོ་དབྱིབས་ཀྱི་རྣམ་པ་ལ་ཆགས་པ་མི་སྐྱེ་ཞིང་། དེའི་སྒྲ་སྙན་པོ་ཡིན་པས་དེ་ལ་ཆགས་པ་སྐྱེས་པར་ཡང་བརྗོད་མི་ཐུབ། ཡིན་ན་ཡང་། སྒོར་མོ་ལ་བརྟེན་ནས་ང་ཚོས་འདོད་པའི་ཅ་དངོས་མང་པོ་ཞིག་ཉོ་སྒྲུབ་བྱེད་ཐུབ་པས། སྒོར་མོ་ལ་སྲེད་པའི་འདོད་ཆགས་ཀྱང་དེའི་རྐྱེན་གྱིས་སྟོབས་ཤུགས་ཆེན་པོར་གྱུར་པ་ཡིན་སྲིད།
ས་དམ་-ཧུ་སན་ལ་སྙིང་རྗེ་དགོས་པ་ཞིག་ཏུ་མཐོང་གི་ཡོད།
གནས་སྟངས་བྱེ་བྲག་པ་ཅི་འདྲ་ཞིག་ཡིན་ཀྱང་། ང་ཚོས་དེ་ལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་གུ་ཡངས་ཀྱི་བློ་ཞིག་གིས་བརྟག་དཔྱད་བྱས་ན། རང་ཉིད་ཀྱང་གནས་སྟངས་དེ་དང་འབྲེལ་ཡོད་ཅིག་ཡིན་པ་རྟོགས་རྒྱུ་རེད།
མི་དགེ་བའི་སེམས་ཚོར་རྣམས་ལ་གཡོལ་བའི་འབད་བརྩོན་རྒྱུན་དུ་བྱེད་ཀྱི་ཡོད།
ང་ཚོས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་སྟངས་ལྟ་བུ་ལ་མཚོན་ན། མི་དགེ་བའི་སེམས་ཚོར་རྣམས་ལ་གཡོལ་བའི་འབད་བརྩོན་རྒྱུན་དུ་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་ཉོན་མོངས་པའི་བློ་དྲག་པོའི་དབང་དུ་མི་འགྲོ་བར་ཆེད་དུ་འབད་ཀྱི་ཡོད།
སེམས་ཁམས་སྙོམ་སྒྲིག་ནི་སྙིང་རྗེ་དང་འབྲེལ་པ་ཟབ་མོ་ཡོད།
ང་རང་གི་གཞི་རྩའི་ཡིད་ཆེས་གཅིག་ནི། ང་ཚོར་སྙིང་རྗེ་སྐྱེད་པའི་ནུས་པའམ་གཞི་ཡོད་པར་མ་ཟད། འགྲོ་བ་མིའི་གཞི་རྩའི་རང་བཞིན་ཡང་ཞི་དུལ་ཡིན་པ་འདི་ཡིན། ང་ཚོ་འགྲོ་བ་མི་གཅིག་པུ་མ་ཡིན་པར་སེམས་ཅན་ཡོད་དོ་ཅོག་གི་གཞི་རྩའི་རང་བཞིན་དེའང་ཞི་དུལ་ཡིན།
སྙིང་རྗེ་དང་ཆགས་པའི་སེམས་གཉིས་ཕན་ཚུན་འཁྲུལ་བའི་ཉེན་ཁ་ཞིག་ཡོད།
སྙིང་རྗེ་ནི་གཞན་ལ་འཚེ་བ་དང་། གནོད་པའམ་རྒོལ་བ་མི་བྱེད་པའི་བློ་ཞིག་ཡིན་པར་བརྗོད་ཆོག་པས། སྙིང་རྗེ་དང་ཆགས་པའི་སེམས་གཉིས་ཕན་ཚུན་འཁྲུལ་བའི་ཉེན་ཁ་ཞིག་ཡོད།