གསལ་བསྒྲགས།

མདུན་ངོས། / གསལ་བསྒྲགས།

ཞབས་རིམ་གསལ་བསྒྲགས།

༄༅། །བོད་གངས་ཅན་པ་རྣམས་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་སེར་སྐྱ་དད་ལྡན་ཡོངས་ལ་གསོལ་རྒྱུ། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱ་ལྔའི་དགུང་ཀེག་ལ་ཕེབས་པར་བརྟེན། བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གསོལ་འདེབས་༸རྒྱལ་བའི་ཞལ་གསུང་མ་སྟེ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །ཅེས་པ་རྒྱུན་འདོན་དང། ༸རྒྱལ་བའི་མཚན་སྔགས། ཨོཾ་ཨཿ གུ་རུ་བཛྲ་དྷ་ར་བྷ་ཊྚཱརཀ་མཉྫུ་ཤྲཱི་ཝཱགིནྡྲ་སུ་མ་ཏི་ཛྙཱན་ཤ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ།།ཞེས་པ་ཉིན་རེ་གང་མང་གྲངས་གསོག་གནང་ཐུ

དགའ་ལྡན་ཕོ་བྲང་གི་གསལ་བཤད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་གྲོང་ཁྱེར་མེ་རཌ་ནང་སློབ་ཕྲུག་གཅིག་གིས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་མཛད་རྣམ་ལས་འཕྲོས་པའི་དྲི་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་བ་དེར་བསྙད་ནས་བལ་ཡུལ་གསར་ཤོག་ཁག་གཅིག་ནང་སྤེལ་བའི་གནས་ཚུལ་སྐོར་ང་ཚོས་ཤེས་རྟོགས་བྱུང་།

གསལ་བསྒྲགས།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༡༧ ཟླ་ ༢ ཚེས་ ༡༤ ནས་བོད་ཀྱི་ལོ་གསར་བར་སྐུའི་བཅད་རྒྱར་བཞུགས་གནང་མཛད་རྒྱུ་ཡིན་ན་དུས་ཡུན་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ ༢༠༡༧ ཟླ་ ༢ ཚེས་ ༡༣ ལ།།

དབུ་མ་བཞི་བརྒྱ་བའི་གསུང་ཆོས་ཐད་གཏོང་།

༄༅།།ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣ནས་༦བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་སྩལ་རྒྱུ་དང་།  ཉིན་བཞིའི་རིང་གི་གསུང་ཆོས་དྲ་ལམ་དུ་ཐད་གཏོང་གིས་ཨིན་སྐད་དང་རྒྱ་སྐད།  ཝི་དི་ནམ་གྱི་སྐད།  ཀོ་རུ་ཡའི་སྐད།  ཧིན་སྐད།  ར་ཤི་ཡའི་སྐད་བཅས་སུ་ཐོག་གསུང་བསྒྱུར་གནང་རྒྱུ།

གསལ་བསྒྲགས།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༡༢ ནས་ཚེས་ ༢༥ བར་བདུན་ཕྲག་གཉིས་རིང་ལྗགས་བསྙེན་བཅད་རྒྱར་བཞུགས་གདན་འཇགས་རྒྱུ་ངེས་པས་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པ་དེ་དོན་དགོངས་འཇགས་ཞུ།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ༢༠༡༦ ཟླ་ ༤ ཚེས་ ༡༢ ལ།།

ཡོངས་ཁྱབ་གཞེན་བསྐུལ་གསལ་བསྒྲགས།

༄༅།།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་།  གསུང་བཤད།  བཀའ་སློབ།  བཅར་འདྲི་སོགས་ཅི་རིགས་ཕབ་བཤུས་དང་།  ཕྱོགས་སྒྲིག  པར་སྐྲུན་གནང་རྒྱུ་སོགས་ཀྱི་ལས་རིམ་གནང་བཞིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་།  སྐྱེ་བོ་སྒེར་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།

 

ཆོས་བརྡ་གསལ་བསྒྲགས།