གསལ་བསྒྲགས།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༡༧ ཟླ་ ༢ ཚེས་ ༡༤ ནས་བོད་ཀྱི་ལོ་གསར་བར་སྐུའི་བཅད་རྒྱར་བཞུགས་གནང་མཛད་རྒྱུ་ཡིན་ན་དུས་ཡུན་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ ༢༠༡༧ ཟླ་ ༢ ཚེས་ ༡༣ ལ།།

༄༅།།ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣ནས་༦བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་སྩལ་རྒྱུ་དང་།  ཉིན་བཞིའི་རིང་གི་གསུང་ཆོས་དྲ་ལམ་དུ་ཐད་གཏོང་གིས་ཨིན་སྐད་དང་རྒྱ་སྐད།  ཝི་དི་ནམ་གྱི་སྐད།  ཀོ་རུ་ཡའི་སྐད།  ཧིན་སྐད།  ར་ཤི་ཡའི་སྐད་བཅས་སུ་ཐོག་གསུང་བསྒྱུར་གནང་རྒྱུ།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་ ༡༢ ནས་ཚེས་ ༢༥ བར་བདུན་ཕྲག་གཉིས་རིང་ལྗགས་བསྙེན་བཅད་རྒྱར་བཞུགས་གདན་འཇགས་རྒྱུ་ངེས་པས་དེའི་རིང་མཇལ་ཁ་སོགས་ཀྱི་མཛད་འཆར་མེད་པ་དེ་དོན་དགོངས་འཇགས་ཞུ།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ༢༠༡༦ ཟླ་ ༤ ཚེས་ ༡༢ ལ།།

༄༅།།  ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་ཆོས་དང་།  གསུང་བཤད།  བཀའ་སློབ།  བཅར་འདྲི་སོགས་ཅི་རིགས་ཕབ་བཤུས་དང་།  ཕྱོགས་སྒྲིག  པར་སྐྲུན་གནང་རྒྱུ་སོགས་ཀྱི་ལས་རིམ་གནང་བཞིན་པའི་ཚོགས་སྡེ་སྒྲིག་འཛུགས་དང་།  སྐྱེ་བོ་སྒེར་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར།

 

༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དད་ལྡན་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ནས་ཚེས་ ༤ བར་ཉིན་ཕྱེད་བཞི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་འཁེལ་ཞིང་། ཆོས་ཐུན་ནི་གོང་ཚེས་གཅིག་ནས་གསུམ་བར་ཞོགས་པའི་ཕྱག་ཚོད་༩།༣༠ ནས་༡༡།༣༠ བར་ཆོས་ཐུན་གཅིག་དང་ཉིན་རྒྱབ་ཕྱག་ཚོད་ ༡ ནས་ ༣ བར་ཆོས་ཐུན་གཅིག་བཅས་ཚུགས་རྒྱུ་དང་། ཚེས་ ༤ ཉིན་སྔ་དྲོའི་ཆོས་ཐུན་ལས་མེད་ན་དེ་དོན་དགོངས་འཇགས་དང་། བཀའ་ཆོས་སུ་བཅར་བློ་ཡོད་རིགས་རྣམས་ཀྱིས་བདེ་སྲུང་ཡན་ལག་ནས་ངོས་སྦྱོར་ཞུ་དགོས། གསུང་ཆོས་སྐབས་འདི་ནས་དབྱིན་སྐད་དང་། རྒྱ་སྐད་གཉིས་ཀྱི་གསུང་སྒྱུར་གོ་སྒྲིག་ཞུ