དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས།

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ནས་ ༧ ཉིན་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་ཐད་གཏོང་། 


    •    རྒྱ་གར་གྱི་ཆུ་ཚོད། 


ཟླ་༩ ཚེས་༤  ཉིན་སྔ་དྲོ་ཆུ་ཚོད་༩།༠༠ ནས་༡༡།༣༠ བར།
ཟླ་༩ ཚེས་༥  ཉིན་སྔ་དྲོ་ཆུ་ཚོད་༩།༠༠ ནས་༡༡།༣༠ བར།
ཟླ་༩ ཚེས་༦  ཉིན་སྔ་དྲོ་ཆུ་ཚོད་༩།༠༠ ནས་༡༡།༣༠ བར།
ཟླ་༩ ཚེས་༧  ཉིན་སྔ་དྲོ་ཆུ་ཚོད་༩།༠༠་ནས་༡༡།༣༠ བར།


(ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དུ་ཕེབས་མཁན་ཆོས་ཞུ་བ་རྣམས་ནས་གསུང་ཆོས་ཉན་བྱེད་སྒྲ་སྡུད་འཕྲུལ་འཁོར་(FM Radio)མཉམ་འཁྱེར་ཆོག་ཀྱང་དེ་མིན་ཁ་པར་སོགས་འཕྲུལ་ཆས་རིགས་འཁྱེར་མི་ཆོག་པ་ལ་ཡིད་གཟབ་གནང་རྒྱུ་དང་།  ཆོས་ཞུ་བ་རྣམས་གསུང་ཆོས་དབུ་འཛུགས་ཀྱི་ཕྱག་ཚོད་ཕྱེད་ཀའི་གོང་རང་གི་སྡོད་གནས་སུ་འཁོད་ཟིན་པ་དགོས།)

མཆན། གོང་གསལ་གསུང་ཆོས་ལ་གསན་གཟིགས་གནང་མཁན་རྣམས་ཀྱིས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་ཆུ་ཚོད་གང་དུ་འཁེལ་ཡོད་མེད་གཤམ་གྱི་དྲ་བ་ནས་ཐུགས་ཞིབ་གནང་རོགས།  (http://www.timeanddate.com/worldclock/converter.html)