ཕྱི་ལོ་ ༢༠༡༢ དང་༢༠༡༣ ལོའི་མཛད་འཆར།

མདུན་ངོས། / ཕྱི་ལོ་ ༢༠༡༢ དང་༢༠༡༣ ལོའི་མཛད་འཆར།

ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བར་ཉིན་གསུམ་རིང་ཀོ་རི་ཡའི་དད་ལྡན་ནང་པ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་སྩལ་རྒྱུ།

 

ཕྱི་ཟླ་ ༡༡ ཚེས་ ༤ ཉིན། ཉི་ཧོང་ཡོ་ཀོ་ཧ་མར། སྔ་དྲོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་གའི་པེ་སི་ཕེག་ཚོགས་ཁང་དུ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཉིན་རྒྱབ་མི་མང་ལ་རྐྱེན་ངན་བྱུང་སྐབས་བཟང་ཕྱོགས་ཀྱི་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན། འབྲེལ་ཡུལ།  Tel:+8133353-4094 Email: lohhdl@tibethouse.jp

 

ཕྱི་ཟླ་ ༡༡ ཚེས་ ༦ དང་། ༧ ཉིན། ཉི་ཧོང་རྒྱལ་ས་ཀྲོག་ཡོར་དུ་ཉིན་གྲངས་གཉིས་རིང་༸གོང་ས་མཆོག་ནས་དེ་གའི་ཚན་རིག་པ་དང་། དགེ་འདུན་པ། ནང་པའི་མཁས་དབང་བཅས་དང་ལྷན་དུ་ནང་ཆོས་ཕྱི་ནང་གི་མཚན་རིག་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ལ་ལྷན་ཞུགས་གནང་རྒྱུ། འབྲེལ་ཡུལ། Tel:+8133353-4094 Email: lohhdl@tibethouse.jp

 

ཕྱི་ཟླ་ ༡༡  ཚེས་ ༡༡ ཉིན་ཉི་ཧོང་ཨོ་ཀི་ནཱ་ཝར། ༸གོང་ས་མཆོག་ནས་དེ་གའི་བྷུ་དྷོ་ཀན་ཚོགས་ཁང་དུ་དཀའ་ངལ་ལས་འགྲོལ་བའི་ནུས་ཤུགས་དང་། མ་འོངས་པའི་མི་རབས་གཞོན་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་སྩལ་རྒྱུ། འབྲེལ་ཡུལ། Tel:+8133353-4094 Email: lohhdl@tibethouse.jp

 

ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན། ཉི་ཧོང་རྒྱལ་ས་ཀྲོག་ཡོར་ནང་༸གོང་ས་མཆོག་ནས་དེ་གའི་མི་མང་གི་ལས་གཞི་སེམས་ཁམས་ཚན་རིག་སོགས་ཀྱི་བྱེད་སྒོ་ཁག་ལ་ལྷན་ཞུགས་གནང་རྒྱུ། Tel:+8133353-4094 Email: lohhdl@tibethouse.jp

 

ཕྱི་ཟླ་ ༡༡ ཚེས་ ༢༠ ནས་ ༢༡ བར་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཉིས་རིང་གསུང་ཆོས་བཀའ་དྲིན་སྩལ་ལ་རྒྱུ།

 

ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར། གླིང་བླ་བྲང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོ་གྱུར་གྱི་དད་སྦྱིན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་གྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གཉིས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་གཙོ་གྱུར་གྱིས་ལམ་རིམ་རྩ་འགྲེལ་བཅོ་བརྒྱད་ཀྱི་སྒོ་ནས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། www.jangchuplamrim.org or www.jangchuplamrim.com

 

ཕྱི་ཟླ་ ༡༢ ཚེས་ ༢༤ ནས་ ༢༦ བར་ཨུ་རུ་སུའི་དད་ལྡན་ཁག་གཅིག་ནས་ཇི་ལྟར་་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང། སྨན་བླའི་བཀའ་དབང་བཅས་བཀའ་དྲིན་སྩལ་རྒྱུ་ཡིན།

 

ཕྱི་ལོ་ ༢༠༡༣ ལོའི་མཛད་འཆར།

 

ཕྱི་ཟླ་ ༡ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་གནས་མཆོག་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། གསུང་ཆོས་གང་གི་སྒོ་ནས་་གནང་རྒྱུ་ད་ལྟ་ཐུགས་གཏན་ཁེལ་མེད།

 

ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱེས་རབས་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན། འདི་ལོ་སྨོན་ལམ་རྗེས་འབྲེལ་གྱི་དཔྱིད་ཆོས་གསུང་ཆོས་མེད་པ་བཅས་དེ་དོན་དགོངས་འཇགས་ཞུ།

 

ཕྱི་ཟླ་༤ ཚེས་༡༣།༡༤  སུད་སི་ཧྥི་རི་བྷག་ལ་ཉིན་གཅིག་དང་ཕྱེད་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

 

ཕྱི་ཟླ་༤ ཚེས་༡༣ སུད་སི་ཧྥི་རི་བྷག་ལ་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་ཚུལ་ཁྲིམས་སྐོར་གྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailama2013ch

 

ཕྱི་ཟླ་༤ ཚེས་༢༦ ཉིན་རྒྱབ་ཧི་མ་ཅལ་མངའ་ཁོངས་ཌ་ལཱ་ཧོལ་སི་གཏན་སློབ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོའི་དབུ་བཞུགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀྲིན་ཆེ་རྒྱུ་དང། ཚེས་༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མདུན་ཐང་དུ་མང་ཚོགས་ལ་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།། འབྲེལ་ཡུལ་དྲ་ཚིགས། www.cstdalhousie50yrs.com

 

ཕྱི་ཟླ་༦ ཚེས་༡ ནས་༤ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནང་ཆོས་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་བཀྲིན་ཆེ་རྒྱུ།

 

ཕྱི་ཟླ་༦ ཚེས་༡༤ ནས་༡༦ བར་ཉིན་གཉིས་དང་ཕྱེད་རིང་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་དུ་དད་ལྡན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་ཆོས་འབྲེལ་བཀྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

 

ཕྱི་ཟླ་༦ ཚེས་༡༦ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་སི་ཏཎི་སྤྲོ་སྐྱིད་ལྟེ་གནས་ཁང་ནང་དད་ལྡན་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་གཏན་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

 

ཕྱི་ཟླ་༦ ཚེས་༡༨ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་མེལ་བྷོ་རོན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་རྗེ་དང་གཞི་རྩའི་བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

 

ཕྱི་ཟླ་༦ ཚེས་༢༡ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་ཨ་དྷི་ལ་དྷི་འདུ་འཛོམས་ལྟེ་གནས་སུ་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བདེ་སྐྱིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་སུ་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

 

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇིལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་པའི་བདེན་པ་བཞི་ཡི་ཆོས་འབྲེལ་བཀའ་དྲིན་ཆེ་རྒྱུ།  འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org

 

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱབ་ཨོ་སི་ཀྲི་ལི་ཡའི་གྲོང་ཁྱེར་དྷར་ཝིན་འདུ་འཛོམས་ལྟེ་གནས་སུ་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཉམ་སྤྱོད་འཛམ་གླིང་ནང་ཚུལ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་རྒྱུ།  འབྲེལ་ཡུལ་དྲ་ཚིགས། www.dalailamainaustralia.org