འཕྲིན་གསར་སྡེ་ཚན།

སྤྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་རྟ་དབང་དགོན་པའི་མཁན་ལས་ཟུར་རྣམས་དང་ལས་སྣེ། དེ་བཞིན་འབྲས་སྤུངས་བློ་གསལ་
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྡི་རང་ས་གནས་སུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གཙུག་ལག་ཁང་གསར་བཞེངས་ལེགས་པར་གྲུབ་པའི་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་སྩལ་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབུམ་སྡེ་ལར་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་མོས་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དད་ལྡན་ཆོས་ཞུ་བ་ ༡༥༠༠༠ བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྷོ་ཧ་ཊི་ནས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་ཕེབས་ལམ་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ Bhairabkunda ཞེས་པའི་ས་གནས་སུ་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རངྒ་གར་ Rang Ghar ས་གནས་སུ་རྟེན་གཞི་བྱས་པའི་དྷིབ་རུ་གར་གཙུག་ལག་སློབ་གྲྭ་ Dibrugarh University ཆེན་མོའི་དགེ་ལས་སློབ་ཕྲུག་ ༡༡༠༠ ཙམ་ལ་བཀའ་སློབ་སྩལ་ཡོད།
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ Krishna Kanta Handiqui State Open University (KKHSOU) ཞེས་པའི་གཙུག་ལག་སློབ་ཁང་དང་། ལོ་ངོ་ ༧༥ རིང་ས་གནས་སློབ་ཕྲུག་གི་ཁྲོད་ཡོངས་སུ་གྲགས་ཡོད་པའི་ Lawyers Book Stall ཞེས་པའི་དཔེ་དེབ་ཁང་གཉིས་ཐུན་མོང་གིས་
ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིའི་གནམ་ཐང་དུ་༸ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་ཨ་སམ་མི་མང་དང་བོད་རིགས། གསར་འགོད་པ་སོགས་མི་ཧ་ཅང་མང་པོས་ཕེབས་བསུ་གཟབ་རྒྱབ་ཞུས་པ་དང་།
ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་ཁུལ་གྱི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཆིབས་བསྒྱུར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར་ལ་བཀའ་སློབ་སྩལ་ཡོད་པ་རེད།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨནྡྲ་པར་དེ་ཤིའི་ Andhra Pradesh མངའ་སྡེའི་གྲོང་ཁྱེར་བི་ཇཱ་ཡ་ཝ་ཌ།
།ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྤོས་སྣེས་མདུན་བསུ་་
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་གུང་ཆུ་ཚོད་ ༡༡།༣༠ བརྒལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལགས་ཀྱིས་སྤོས་སྣེས་མདུན་བསུས་
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་བཀའ་དབང་སྩལ་གནང་མཛད་པའི་དངོས་གཞི་ཉིན་གཉིས་པར་བྱིས་པ་ལྟར་འཇུག་པའི་དབང་བདུན་སྩལ་ཡོད་པ་རེད།