མཛད་འཆར་སྡེ་ཚན།

མཛད་འཆར།
ཟླ་ ༡༡ ཚེས་ ༤ ནས་ ༦ བར།
་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རུ་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་རིང་གསུང་ཆོས་བཀའ་དྲིན་སྩལ་རྒྱུ།
ཟླ་ ༡༡ ཚེས་ ༢༤ ཉིན།
མ་ཧཱ་ར་ཤི་ཊཱར་(Maharashtra)མངའ་སྡེའི་ཨོ་རན་གྷ་བྷ་ཌི་(Aurangabad)རུ་རྟེན་གཞི་བྱས་པའི་ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་ལྟེ་གནས་(Lokuttara International Bhikkhu Training Center )ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེའི་ལུས་སྦྱོང་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་ནང་ཆོས་སྤྱི་བཤད་ཀྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 
ཟླ་ ༡༢ ཚེས་ ༡༤ ཉིན།
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་གནང་རྒྱུ། 
  • 2 of 4