ཕྱི་ལོ་ ༢༠༡༧ ལོའི་མཛད་འཆར།

༄༅།།གཤམ་གསལ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཡིན།  འདིའི་ཁོངས་མཛད་རིམ་མང་ཆེ་བར་འཛུལ་ཞུགས་བྱེད་པར་ཆོས་ཞུའི་ལག་ཁྱེར་ཀྲི་ཀ་སི་(Tickets)དགོས་ཀྱི་ཡོད།  ལག་ཁྱེར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་མཛད་རིམ་གོ་སྒྲིག་ཞུ་མཁན་ཚོགས་སྒེར་སོ་སོར་ཐད་ཀར་འབྲེལ་བ་ཞུ་དགོས།  སྤྱིར་བཏང་རྒྱ་གར་ནང་གི་མཛད་རིམ་རྣམས་མང་ཆེ་བ་རིན་མེད་ཡིན་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོགས་རྒྱུའི་མཛད་རིམ་རྣམས་མང་ཆེ་བར་ཆོས་ཞུའི་ལག་ཁྱེར་ཉོ་དགོས་ཀྱི་ཡོད། ཐུགས་སྣང་གནང་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་ཀུན་ནས་བཀའ་སློབ་དང་གསུང་ཆོས་སོགས་ལ་སྐུ་ཡོན་བཞེས་ཀྱི་མེད། གཤམ་གྱི་ཚེས་གྲངས་དག་དགོས་མཁོར་གཞིགས་ཏེ་འགྱུར་བ་ཐེབས་སྲིད།

༢༠༡༧ 

[ དུས་འཁོར་དབང་ཆེན་ཐེངས་ ༣༤ པ། ]  ཟླ་ ༡ ཚེས་ ༢ ནས་ ༡༤ བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྩལ་རྒྱུ་དང་།    དེ་ཡང་ཚེས་ ༢ ནས་ ༤ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ།  ཚེས་ ༥ ནས་ ༨ ཉིན་བཅས་ཉིན་གྲངས་ལྔའི་རིང་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་སྩལ་རྒྱུ།   ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང།    ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་སྩལ་རྒྱུ།    ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

[ཟུར་ཞུ།]  དུས་འཁོར་དབང་ཆེན་སྐབས་གསུང་ཆོས་རྣམས་ཕྱི་རྒྱལ་གྱི་སྐད་ཡིག་ཁག་ནང་ཉན་འདོད་ཡོད་མཁན་རྣམས་ནས་རྡོར་གདན་དུ་ཨེཕ་ཨེམ་རླུང་འཕྲིན་( FMRadio)རག་དཀའ་བར་བརྟེན་རང་རང་སོ་སོས་མཉམ་དུ་བསྣམས་ཐབས་ཡོད་པ་ཞུ་རྒྱུ་བཅས།།

ཟླ་ ༢ པ།

ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཌི་ཡ་ལོ་ཀེའམ་ (Vidyaloke)འཇིག་རྟེན་གྱི་སྣང་གསལ་ཞེས་པ་རྒྱ་གར་གྱི་སྔ་མོའི་རིག་གཞུང་བསྐྱར་གསོའི་ལས་འཆར་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཊོ་ཀ་ཊོ་ར་རྩེད་ཐང་དུ་ (Talkatora) དེང་དུས་ཀྱི་རྒྱ་གར་ནང་གནའ་བོའི་རྒྱ་གར་རིག་གཞུང་སླར་གསོ་བྱེད་པ་(Reviving Indian Wisdom in Contemporary India) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། དྲ་བྱང་།  www.vidyaloke.in 

ཟླ་ ༣ པ། 

ཚེས་ ༡༢ ཉིན་གྱི་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདི་ལོའི་དཔྱིད་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་རྒྱ་གར་དབུས་རིག་གཞུང་བློན་ཆེན་ལྷན་ཁང་ནས་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་བྷེ་ཧར་མངའ་སྡེའི་རཱ་ཇེ་གྷར་རུ་(Rajgir, Bihar, India)དུས་རབས་ ༢༡ པའི་ནང་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ། 

ཚེས་ ༡༩ ཉིན་རྒྱབ་རྒྱ་གར་མ་རྡེ་པར་རྡེ་ཤིས་མངའ་སྡེའི་བདེ་སྐྱིད་ལས་ཁུངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཝེ་ལྡན་སམ་བྷ་ཨོ་ཌི་ཊོར་རམ(the Vidhan Sabha Auditorium)ཞེས་པའི་ཚོགས་ཁང་དུ་བདེ་སྐྱིད་སྒྲུབ་ཐབས་(The Art of Happiness in the early)སྐོར་ལ་བཀའ་སློབ་སྩལ་རྒྱུ། 

ཟླ་ ༤ པ། 

ཚེས་ ༡ ཉིན་གྷོ་བ་ཧ་ཊི་མངའ་སྡེའི་ཨ་སམ་གྱི་གསར་ཤོག་The Assam Tribune ཞེས་པར་ལོ་འཁོར་བདུན་ཅུ་དོན་ལྔ་འཁོར་བའི་མཛད་སྒོའི་སྟེང་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཨ་སམ་གྲོང་ཁྱེར་གྱི་ the ITA Center for Performing Arts.ཞེེས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་འགྲོ་བ་མི་ཞིག་གིས་འཛམ་གླིང་ཞི་བདེར་དམིགས་པའི་ཐབས་ལམ་(A Human Approach to World Peace)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།   

ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོམས་ཆེན་དུ་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་(Ancient Indian Knowledge in Modern Times) ཞེས་པའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཨ་སམ་ཡི་གེར་བསྒྱུར་བའི་བཀའ་རྩོམ་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དབུ་འབྱེད་མཛད་རྒྱུ། 


ཚེས་ ༣ ཉིན་ཨ་སམ་རྡེ་བྷུ་གྷར་གཙུག་ལག་སློབ་གྲྭ་Dibrugarh University.ཆེན་མོར་མི་མང་གསུང་བཤད་སྩལ་རྒྱུ། 


ཚེས་ ༤ ཉིན་གྱི་སྔ་དྲོ་ཨ་རི་ན་ཅལ་མངའ་སྡེའི་འབུམ་སྡེ་ལ་རུ་གསར་བཞེངས་གནང་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ། 

ཚེས་ ༥ ནས་ ༧ བར་ཨ་རི་ན་ཅལ་མངའ་སྡེའི་ཡིད་དགའ་ཆོས་འཛིན་དུ་ཚེ་དབང་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་དང་། དེ་ཡང་ཚེས་ ༥ ནས་ ༦ ཉིན་གྱི་ཞོགས་པ་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་དང་། ཚེས་ ༧ ཉིན་གྱི་ཞོགས་པ་རིག་འཛིན་གདུང་སྒྲུབ་ཀྱི་དབང་སྩལ་རྒྱུ། 


ཚེས་ ༡༠ ཉིན་ཨ་རི་ན་ཅལ་མངའ་སྡེའི་ཐུབ་གསུང་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་ཀྱི་ཆོས་འབྲེལ་སྩལ་རྒྱུ། 

ཚེས་ ༡༡ ཉིན་ཨ་རི་ན་ཅལ་མངའ་སྡེའི་འབུམ་སྡེ་ལ་རུ་སངས་རྒྱས་ཀྱི་སྐྱེད་ཚལ་(Buddha Park)ཅེས་པར་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་སྩལ་རྒྱུ། 


ཚེས་ ༡༢ ཉིན་གྱི་ཞོགས་པ་ཨ་རི་ན་ཅལ་མངའ་སྡེའི་ཐུབ་བསྟན་དགའ་ཚལ་གླིང་དུ་གསུང་ཆོས་སྩལ་རྒྱུ། 


ཟླ་ ༥ པ།  

ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་་བཀའ་དྲིན་སྩལ་རྒྱུ། 

 ཟླ་༦ པ།

ཚེས་ ༥ ནས་ ༧ ཉིན་གསུམ་རིང་གི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༦  ཉིན་གྱི་སྔ་དྲོ་ཨ་རིའི་ཁ་ལེ་ཧྥོར་ནེའུ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་སྣ་ཚོགས་པའི་མཛེས་སྡུག་དང་ལེན་ (Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ། འབྲེལ་ཡུལ་དྲ་བྱང་། Compassion2017.ucsd.edu


ཟླ་ ༧ པ།

ཚེས་ ༦ ཉིན་ལ་དྭགས་གླེ་རུ་བོད་རིགས་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བའི་ཚལ་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཚེས་ ༡༠ ཉིན་གྱི་ཕྱི་དྲོ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡུམ་རྭ་བདེ་དགོན་དབྱར་ཆོས་ཆེན་མོ་དབུ་བཞུགས་མཛད་རྒྱུ། 

ཚེས་ ༡༡ ནས་ ༡༢ བར་ནུབ་ར་ལྡུམ་རྭ་བདེ་དགོན་བཀྲ་ཤིས་ཆོས་གླིང་དགོན་པར་སློབ་དཔོན་ཀཱ་མ་ལ་ཤི་ལིས་མཛད་པའི་སྒོམ་རིམ་པར་བའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༣ ཉིན་ལ་དྭགས་ལྡུམ་རྭ་བདེ་དགོན་བཀྲ་ཤིས་ཆོས་གླིང་དུ་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་ཟངས་དཀར་ཁུལ་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༨ ཉིན་གྱི་སྔ་དྲོ་ཟངས་དཀར་ཁུལ་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་ལ་དྭགས་གླེ་རུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༣༠ ཉིན་གྱི་སྔ་དྲོ་ལ་དྭགས་གླེ་རུ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། 

ཟླ་ ༨ པ།

ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་ཨ་ཧྥེ་རི་ཁའི་བྷོ་ཚི་ཝ་ན་གྷ་བྷོར་རོན་གྲོང་ཁྱེར་(Gaborone, Botswana) དུ་ཡོད་པའི་བྷོ་ཚི་ཝ་ན་གཙུག་ལག་སློབ་གྲྭ་ཆེན་མོ་རུ་སེམས་དང་སྲོག་གི་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་སེམས་ཀྱི་རྣམ་གཞག་དང་ཚན་རིག འགྲོ་བ་མིའི་རང་བཞིན་(Spirituality, Science and Humanity)བཅས་ཀྱི་ཐོག་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ། འབྲེལ་ཡུལ་དྲ་བྱང་། www.BotswanaDialogue.org

ཚེས་ ༡༩ ཉིན་སེམས་དང་སྲོག་གི་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར་ཨ་ཧྥེ་རི་ཁའི་བྷོ་ཚི་ཝ་ན་གྷ་བྷོར་རོན་གྲོང་ཁྱེར་(Gaborone, Botswana) དུ་ཡོད་པའི་བྷོ་ཚི་ཝ་ན་གཙུག་ལག་སློབ་གྲྭ་ཆེན་མོ་རུ་མི་མང་ལ་གསུང་བཤད་སྩལ་རྒྱུ། 

ཚེས་ ༢༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་རྡི་ནེ་ཤི་ཡ། ཀོ་རུ་ཡ། མཱ་ལེ་ཤེ་ཡ། སངྒ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་སྩལ་རྒྱུ། 

ཟླ་༩ པ། 

ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Children in Crossfire ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཡུ་རོབ་བྱང་ཨར་ལེན་ཌིའི་ལོན་ཌོན་ཌེ་རེ་གྲོང་ཁྱེར་གྱི་(Derry-Londonderry, Northern Ireland, UK)གྱི་ Millennium Forum ཞེས་པར་བྱམས་རྩེའི་ཉམས་ལེན་(Compassion in Action)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ། འབྲེལ་ཡོད་དྲ་བྱང་།  www.childrenincrossfire.org