ཕྱི་ལོ་༢༠༡༥ ལོའི་མཛད་འཆར།

མདུན་ངོས། / ཕྱི་ལོ་༢༠༡༥ ལོའི་མཛད་འཆར།

༄༅།།གཤམ་གསལ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཡིན། འདིའི་ཁོངས་མཛད་རིམ་མང་ཆེ་བར་འཛུལ་ཞུགས་བྱེད་པར་ཆོས་ཞུའི་ལག་ཁྱེར་ཀྲི་ཀ་སི་(Tickets)དགོས་ཀྱི་ཡོད།  ལག་ཁྱེར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་མཛད་རིམ་གོ་སྒྲིག་ཞུ་མཁན་ཚོགས་སྒེར་སོ་སོར་ཐད་ཀར་འབྲེལ་བ་ཞུ་དགོས། སྤྱིར་བཏང་རྒྱ་གར་ནང་གི་མཛད་རིམ་རྣམས་མང་ཆེ་བ་རིན་མེད་ཡིན་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོགས་རྒྱུའི་མཛད་རིམ་རྣམས་མང་ཆེ་བར་ཆོས་ཞུའི་ལག་ཁྱེར་ཉོ་དགོས་ཀྱི་ཡོད། ཐུགས་སྣང་གནང་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་ཀུན་ནས་བཀའ་སློབ་དང་གསུང་ཆོས་སོགས་ལ་སྐུ་ཡོན་བཞེས་ཀྱི་མེད། གཤམ་གྱི་ཚེས་གྲངས་དག་དགོས་མཁོར་གཞིགས་ཏེ་འགྱུར་བ་ཐེབས་སྲིད། 

ཟླ་ ༡ པོ། 

     ཟླ་ ༡ ཚེས་ ༣༡ ཉིན་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་Youth Buddhist Societyཇི་ལྟར་གསོལ་བ་བཏབ་ལྟར་ཨུཏྟར་པྲ་དེཤ་ Uttar Pradesh མངའ་སྡེའི་ལྷ་བབས་གནས་ Sankisa སུ་མི་མང་གསུང་བཤད་སྩལ་རྒྱུ། 

ཟླ་ ༢ པ། 

     ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་(YBS)ཇི་ལྟར་གསོལ་བ་བཏབ་ལྟར་ཨུཏྟར་པྲ་དེཤ་ Uttar Pradesh མངའ་སྡེའི་ལྷ་བབས་གནས་ Sankisa སུ་ཆེད་དུ་བརྗོད་པའི་ཚོམས་ཀྱི་ཆོས་འབྲེལ་སྩལ་རྒྱུ། ཡིག་ཟམ། hhdlteachingsankisa@gmail.com

    ཟླ་ ༢ ཚེས་ ༧ ནས་ ༨ བར་སུད་སི་དང་ལིཀ་ཏེན་སིཌ་ཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སུད་སི་གྲོང་ཁྱེར་བྷ་སལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་རྒྱུ་དང་། གཞན་ཡང་། སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ།  འབྲེལ་ཡུལ་དྲ་བྱང་།http://www.dalailama2015.ch/bo/home.html

   ཟླ་ ༢ ཚེས་ ༨ ཉིན་རྒྱབ་སུད་སི་དང་ལིཀ་ཏེན་སིཌ་ཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སུད་སི་གྲོང་ཁྱེར་བྷ་སལ་དུ་དེང་རབས་འཛམ་གླིང་གི་ཆེད་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་Secular Ethnics for Today’s World ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་གནང་རྒྱུ། འབྲེལ་ཡུལ་དྲ་བྱང་། http://www.dalailama2015.ch/bo/home.html

    ཟླ་ ༢ ཚེས་ ༡༡ ཉིན་རྒྱབ་སྒྲེན་མག་གི་གྲོང་ཁྱེར་ཁོ་པེན་ཧེ་གྷན་དུ་བྷེ་ལ་སན་ཊར་ the Bella Center ཞེས་པའི་ཚོགས་ཁང་དུ་བྱམས་བརྩེ་དང་ཕན་ཚུན་འབྲེལ་ལམ་བརྒྱུད་ནས་སྙིང་སྟོབས་སྤེལ་བ་ Strength Through Compassion and Connection ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་གནང་རྒྱུ། འབྲེལ་ཡུལ་དྲ་བྱང་། www.dalailama.dk

    ཟླ་ ༢ ཚེས་ ༡༢ ཉིན་གཅིག་རིང་སྒྲེན་མག་གི་གྲོང་ཁྱེར་ཁོ་པེན་ཧེ་གྷན་དུ་བྷེ་ལ་སན་ཊར་ the Bella Center ཞེས་པའི་ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་སྩལ་རྒྱུ། འབྲེལ་ཡུལ་དྲ་བྱང་། www.dalailama.dk

 

ཟླ་ ༣ པ།

    ཟླ་ ༣ ཚེས་ ༤ ཉིན་གྱི་ཞོགས་པར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བྷེལ་རྗམ་བོད་རིགས་ཚོགས་པ་དང་། ཆིག་སྒྲིལ་ཚོགས་པ། རྡ་ས་ཚོང་པའི་ཚོགས་པ། ལྷ་ས་སྐྱིད་སྡུག། ལྷོ་ཁའི་སྐྱིད་སྡུག་བཅས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ། 

  ཟླ་ ༣ ཚེས་ ༥ ཞོགས་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་སྩལ་རྒྱུ།  

ཟླ་ ༤ བ། 

   ཟླ་ ༤ ཚེས་ ༡༢ དང་ ༡༣ ཉིན་ཉི་ཧོང་ཊོག་ཡོ་རུ་Showa Joshi Hitomi Hall ཞེས་པའི་ཚོགས་ཁང་དུ་ཤེས་རབ་སྙིང་པོ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བ། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་སྩལ་རྒྱུ། དྲ་བྱང་། www.tibethouse.jp

ཟླ་ ༥ བ། 

ཚེས་ ༡༠ ནས་ ༡༣ ཉིན་གྲངས་བཞིའི་རིང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་རྒྱུ་ཡིན་པ་དང་། དེ་ཡང་ཚེས་ ༡༠ ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་སྔོན་འགྲོའི་གསུང་ཆོས་ལ་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་གསུམ། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་གསུང་ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་ཀྱི་བཤད་ལུང་སྩལ་རྒྱུ་ཡིན་པ་དང་། རྗེས་ཀྱི་ཉིན་གྲངས་ནང་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འཕགས་ལུགས་མི་སྐྱོད་རྡེ་རྗེའི་བཀའ་དབང་དང་། ཀུན་འཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་བཀའ་རྒྱ་མ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་གྱི་མཆན་འགྲེལ་སྙན་བརྒྱུད་རིན་ཆེན་ཕྲེང་བའི་བཤད་ལུང་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ།

ཟླ་ ༦ པ། 

  ཚེས་ ༥ ནས་ ༩ ཉིན་ལྔའི་རིང་ཨོ་སི་ཁྲི་ལི་ཡའི་ལེ་ར་ Leura, Blue Mountains, New South Wales, Australia རུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སྩལ་རྒྱུ། དྲ་བྱང་། www.dalailamainaustralia.org

   ཚེས་ ༨ ཉིན་ཨོ་སི་ཁྲི་ལི་ཡའི་ལེ་ར་Leuraརུ་བཟོད་སྒོམ་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ། དྲ་བྱང་། www.dalailamainaustralia.org

    ཚེས་ ༡༡ ཞོགས་པར་ཨོ་སི་ཁྲི་ལི་ཡའི་བྷ་རི་སུ་བྷན་དུ་དད་མོས་སྣ་ཚོགས་ཀྱི་ལས་འགུལ་multi-faith event ཞེས་པར་མཉམ་བཞུགས་གནང་རྒྱུ། དྲ་བྱང་།  www.dalailamainaustralia.org

  ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་ཨོ་སི་ཁྲི་ལི་ཡའི་Brisbane Convention Centerཞེས་པར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་རྒྱུ། དྲ་བྱང་། www.dalailamainaustralia.org

  ཚེས་ ༡༢ ཉིན་རྒྱབ་ཨོ་སི་ཁྲི་ལི་ཡའི་བྷ་རི་སུ་བྷན་དུ་ Riverstage ཞེས་པར་སྙིང་རྗེ་ཉམས་ལེན་གྱི་རྣམ་དཔྱོད་Wisdom of Compassion ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ། དྲ་བྱང་།www.dalailamainaustralia.org

   ཚེས་ ༡༤ ཉིན་རྒྱབ་ཨོ་སི་ཁྲི་ལི་ཡའི་ནུབ་ཕྱོགས་ཀྱི་ཕར་ཐཱི་རུ་ཨ་རུས་ན་ཞེས་པར་གཏོང་ལེན་ཉམས་ལེན་གྱི་རྣམ་དཔྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ། དྲ་བྱང་། www.dalailamainaustralia.org

 ཚེས་ ༢༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

   ཚེས་༢༥ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་Indianapolisགྲོང་ཁྱེར་དུ་ཨིན་ཊིས་ཨ་ན་ནང་པའི་ལྟེ་གནས་Indiana Buddhist Center དང་། the Center for Interfaith Cooperation and Compassionate Indy ཞེས་པ་གཉིས་ཀྱིས་གོ་སྒྲིག་འོག་འཛམ་གླིང་ཞི་བདེའི་སྲོག་ཤིང་བྱམས་བརྩེ་ཡིན་པའི་སྐོར་གྱི་བརྗོད་གཞིའི་སྟེང་མི་མང་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུ་དང་། མི་མང་གསུང་བཤད་དེར་ཕེབས་མཁན་རྣམས་ལ་ཟླ་ ༤ བའི་ཚེས་ ༢༩ ནས་འཛིན་བྱུང་པ་སེ་ཐོབ་ཐུབ་ཀྱི་ཡོད་པ་རེད།

 ཚེས་ ༢༩ ཉིན་དབྱིན་ཡུལ་གྱི་ཨལ་ཌར་ཤཱོཊ་རུ་དབྱིན་ཡུལ་ནང་པའི་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་ཆོས་Buddhism in 21st Century ཞེས་པའི་བརྗོད་གཞིའི་ཐོག་ ESS Stadium ཞེས་པར་མི་མང་བཀའ་སློབ་སྩལ་རྒྱུ། དྲ་བྱང་།www.bccuk.co.uk/bccuk/

ཟླ་ ༧ པ། 

 ཚེས་ ༡ ཉིན་ཨ་རིའི་འབྱོར་ཇི་བྷོའུ་ཤུ་སྲིད་འཛིན་ལྟེ་གནས་ཁང་དང་SMUགཉིས་ཀྱིས་གོ་སྒྲིག་གིས་འཛམ་གླིང་གནས་དོན་ལྷན་ཚོགས་ཀྱི་ཚོགས་ཁང་དུ་བགྲོ་གླེང་ལྷན་ཚོགས་སུ་༧ཞབས་སོར་འཁོད་རྒྱུ། དྲ་བྱང་། www.bushcenter.org

   ཚེས་ ༥ ནས་ ༧ བར་ཏཱ་ལའི་བླ་མའི་གྲོགས་པོ་དང་། ཞི་བདེའི་འཚོ་བའི་ལྟེ་གནས། ཨར་ཝིན་ས་ཁུལ་གྱི་ཁ་ལེ་ཧྥོར་ནིས་ཡའི་གཙུག་ལག་མཐོ་སློབ་བཅས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་གྱིས་ཁ་ལེ་ཧྥོར་ནིས་ཡའི་ས་གནས་ཨན་ན་ཧེམ་དང་། ཨར་ཝིན་གཉིས་སུ་སྐུའི་དགུང་གྲངས་༨༠ བཞད་པའི་འཁྲུངས་སྐར་མཛད་སྒོ་དང་འབྲེལ་ཧོན་ཌ་ཚོགས་པར་བཀའ་སློབ་དང་མཛད་སྒོ། བཞུགས་མོལ་ཚོགས་འདུ་དང་།   དེ་བཞིན་གོ་ལ་རིལ་པོའི་བྱམས་བརྩེའི་སྐོར་གྱི་ཚོགས་འདུ་Global Compassion Summit བཅས་སུ་ཆིབས་བསྒྱུར་བསྐྱང་རྒྱུ། དྲ་བྱང་།  www.HHDL80.org  

  ཚེས་ ༩ ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ the Javits Center ཞེས་པའི་ཚོགས་ཁང་དུ་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་སྩལ་རྒྱུ། 

  ཚེས་ ༡༠ ཉིན་གྱི་ཞོགས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲོལ་དཀར་ཚེ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་བྱང་ཨ་རིའི་བོད་རིགས་དང་། སོག་ཡུལ་ནས་ཕེབས་པའི་ནང་པ་དང་། ར་ཤི་ཡའི་བྷུར་ཡ་ཊི་དང་ཁལ་མུག ཐུ་ཝ་བཅས་ནས་ཕེབས་པའི་ནང་པ། དེ་བཞིན་འབྲུག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། རྒྱ་གར། བལ་ཡུལ་བཅས་ནས་ཕེབས་པའི་ནང་པ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དྲ་བྱང་།www.dalailamabirthday.net

  ཚེས་ ༡༠ ཉིན་རྒྱབ་ the Javits Center ཞེས་པའི་ཚོགས་ཁང་དུ་བྱང་ཨ་རིའི་བོད་རིགས་དང་། སོག་ཡུལ་ནས་ཕེབས་པའི་ནང་པ་དང་། ར་ཤི་ཡའི་བྷུར་ཡ་ཊི་དང་ཁལ་མུག ཐུ་ཝ་བཅས་ནས་ཕེབས་པའི་ནང་པ། དེ་བཞིན་འབྲུག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། རྒྱ་གར། བལ་ཡུལ་བཅས་ནས་ཕེབས་པའི་ནང་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ བཞད་པའི་སྐུ་འཁྲུངས་ཉིན་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་རྒྱུ། དྲ་བྱང་།www.dalailamabirthday.net

ཟླ་ ༩ པ། 

     ཚེས་ ༧ ནས་ ༡༠ བར་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའིི་སྤྱོད་པ་ལ་འཇུག་པའི་ལེའུ་ ༡༠ པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་ ༡ དང་། རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ། 

    ཚེས་ ༡༩ ཉིན་དབྱིན་ཇིའི་ལོན་ཊོན་དུ་བོད་ཁང་ཐེབས་རྩས་གོ་སྒྲིག་ཞུས་པ་ལྟར་O༢ ལོན་ཊོན་ཞེས་པའི་རྩེད་ཐང་དུ་སྙིང་རྗེའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ། དྲ་བྱང་། www.dalailama2015.uk 

    ཚེས་ ༢༠ ཉིན་ཨིན་ཇའི་རྒྱལ་ས་རུ་ལོན་ཊོན་ཀོ་ལི་སིམ་London Coliseum ཚོགས་ཁང་དུ་འཚེ་མེད་ཞི་བའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།  དྲ་བྱང་།   www.dalailama2015.uk/ahimsa-talk.php

 

ཟླ་ ༡༠ པ། 

ཚེས་༢༡ཉིན་ཨི་ཊ་ལི་Italy མི་ལཱན་གྲོང་ཁྱེར་Milan དུ་དགེ་འཕེལ་བོད་ཀྱི་ནང་བསྟན་སློབ་གཉེར་ཁང་གི་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྗེ་ཙོང་ཁ་བས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་རྒྱུ། དྲ་བྱང་། http://www.dalailama-milano2016.com  

ཚེས་ ༢༢ ཉིན་ཨི་ཊ་ལི་Italy མི་ལཱན་གྲོང་ཁྱེར་Milan དུ་དགེ་འཕེལ་བོད་ཀྱི་ནང་བསྟན་སློབ་གཉེར་ཁང་གི་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ། དྲ་བྱང་། www.dalailama-milano2016.com

ཟླ་༡༡པ། 

     ཚེས་༡༢ ནས་ ༡༣ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཇཱ་བ་ཧ་རལ་ལ་ནེ་རུ་གཙུག་ལག་སློབ་གྲྭ་རུ་ཚད་རྡུལ་དངོས་ཁམས་རིག་པ་དང་དབུ་མའི་ལྟ་གྲུབ་དབར་གྱི་བགྲོ་གླེང་ཚོགས་འདུར་ལྷན་བཞུགས་གནང་རྒྱུ། 

ཟླ་ ༡༢ བ། 

     ཚེས་  ༩ ནས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་ཧོན་སར་རབ་རྒྱས་གླིང་གཞིས་ཁོངས་སུ་ཡོད་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་མཛད་འཕྲིན་བསྐྱངས་རྒྱུ་དང་། ཚེས་ ༩ ཉིན་གུང་རྟེན་འབྲེལ་བསྟོད་པ། རྟོགས་བརྗོད་འདུན་ལེགས་མ།  ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་སྩལ་རྒྱུ་དང་། ཚེས་ ༡༠ དང་ ༡༡ ལ་གསང་བ་འདུས་པའི་དབང་སྩལ་རྒྱུ། ཚེས་ ༡༢ ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་བཅས་ཀྱི་གསུང་ཆོས་སྩལ་རྒྱུ། ཚེས་ ༡༣ ཉིན་རྒྱུད་སྨད་གྲྭ་ཚང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

    ཚེས་ ༡༩ ཞོགས་པ་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་བྷེ་ལ་ཀོབ་པེ་རུ་ཡོད་པའི་བཀྲ་ཤིས་ལྷུན་པོ་དགོན་པ་རུ་འདུ་ཁང་གསར་པ་དབུ་འབྱེད་རབ་གནས་དང་། ཉིན་རྒྱབ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་གསུང་ཆོས་སྩལ་རྒྱུ། 

    ཚེས་ ༢༠ ནས་ ༢༩ བར་བཀྲ་ཤིས་ལྷུན་པོ་དགོན་པ་རུ་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལམ་རིམ་འཁྲིད་ཆེན་བཅོ་བརྒྱད་ཀྱི་གསུང་ཆོས་སྩལ་རྒྱུ། དྲ་བྱང་། //www.jangchuplamrim.org དང་http://www.jangchuplamrim.com

    ཚེས་ ༣༠  ནས་ ༣༡  བར་ལྷོ་ཕྱོགས་བྷེལ་ཀོབ་ཏུ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྩལ་རྒྱུ། 

 

༢༠༡༦ 

ཟླ་ ༡ པོ། 

   ཚེས་ ༡ ཉིན་གྱི་ཞོགས་པ་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།