ཐའེ་ལན་ཌའི་ནང་པའི་དགེ་འདུན་པ་ཁག་གཅིག་ལྷན་དུ་ཉིན་གུང་གསོལ་ཚིགས་གནང་པ།

མདུན་ངོས། / ཐའེ་ལན་ཌའི་ནང་པའི་དགེ་འདུན་པ་ཁག་གཅིག་ལྷན་དུ་ཉིན་གུང་གསོལ་ཚིགས་གནང་པ།

༄༅། །ཕྱི་ལོ་༢༠༡༦ཟླ་ཚེས་༢༠ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྡ་རམ་ས་ལའི་ཐའེ་ལན་ཌའི་གཞན་ཕན་ཚོགས་པའི་དགེ་འདུན་པ་ལྔ་བཅུ་དང་མཉམ་དུ་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་བ་དང་། 

ཚེས་ ༢༡ ཉིན་རྡ་རམ་ས་ལའི་ཐའེ་ལན་ཌའི་གཞན་ཕན་ཚོགས་པའི་དགེ་འདུན་པ་རྣམས་ལ་དྭགས་པར་དུ་གོམ་བགྲོད་གནང་རྒྱུར་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ནས་ཕོ་བྲང་རྒྱལ་སྒོའི་གཡས་གཡོན་ཏུ་སེར་ཕྲེང་བསྒྲིགས་ཏེ་༧གོང་ས་མཆོག་གོམ་བགྲོད་དབུ་འཛུགས་མཛད་སྒོར་གདན་ཞུ་དང་འབྲེལ་སྨོན་ལམ་གསུང་འདོན་གྲུབ་རྗེས་གོམ་བགྲོད་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།