ཆོས་བརྡ་གསལ་བསྒྲགས།

མདུན་ངོས། / གསལ་བསྒྲགས།

༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དད་ལྡན་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ནས་ཚེས་ ༤ བར་ཉིན་ཕྱེད་བཞི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་འཁེལ་ཞིང་། ཆོས་ཐུན་ནི་གོང་ཚེས་གཅིག་ནས་གསུམ་བར་ཞོགས་པའི་ཕྱག་ཚོད་༩།༣༠ ནས་༡༡།༣༠ བར་ཆོས་ཐུན་གཅིག་དང་ཉིན་རྒྱབ་ཕྱག་ཚོད་ ༡ ནས་ ༣ བར་ཆོས་ཐུན་གཅིག་བཅས་ཚུགས་རྒྱུ་དང་། ཚེས་ ༤ ཉིན་སྔ་དྲོའི་ཆོས་ཐུན་ལས་མེད་ན་དེ་དོན་དགོངས་འཇགས་དང་། བཀའ་ཆོས་སུ་བཅར་བློ་ཡོད་རིགས་རྣམས་ཀྱིས་བདེ་སྲུང་ཡན་ལག་ནས་ངོས་སྦྱོར་ཞུ་དགོས། གསུང་ཆོས་སྐབས་འདི་ནས་དབྱིན་སྐད་དང་། རྒྱ་སྐད་གཉིས་ཀྱི་གསུང་སྒྱུར་གོ་སྒྲིག་ཞུས་ཡོད། དེ་མིན་སྐད་རིགས་གཞན་གང་རུང་ནང་གསུང་སྒྱུར་ཞབས་ཞུ་གནང་མཁན་ཡོད་ཚེ་དེ་བཞིན་མཐུན་འགྱུར་ཞུ་འཆར་ཡོད། གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་ཕྱག་ཚོད་ཕྱེད་ཀའི་སྔོན་ཆོས་གྲལ་དུ་འཁོད་ཟིན་པ་དགོས་རྒྱུ་བཅས་དགོངས་འཇགས་ཞུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ ཉིན།།