ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༦ ཉིན་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་ཚོམས་ཆེན་དུ་གདན་ས་ཁག་གི་མཁན་པོ་དང༌། བླ་སྤྲུལ། དགེ་བཤེས་སོགས་མི་གྲངས་ཉིས་བརྒྱ་བརྒལ་བར་དོལ་རྒྱལ་གྱི་ལོ་རྒྱུས་དང་འབྲེལ་ནས་སྩལ་བའི་བཀའ་སློབ།

 

ཁྱེད་རང་ཚོ་དོལ་རྒྱལ་དང་ཐོག་མར་འབྲེལ་བ་ཡོད་ཀྱང་རྗེས་སུ་མཚམས་བཞག་པ་ཤ་སྟག་ཆགས་ཡོད། མང་པོ་བྱུང་ཡོད། དེར་བརྟེན་ཁྱེད་རང་ཚོ་ངེས་པ་རྙེད་ཆེད་ངོས་ནས་བླ་མ་གོང་མ་ཁག་གི་གསུང་ཁ་ཤས་དེ་རིང་ཞུས་ན་བསམ་པ་དྲན་བྱུང༌། དོལ་རྒྱལ་བསྟེན་མཁན་ཚོས་བར་ལམ་ཡིག་ཆ་བཀྲམ་པ་དེ་ཚོའི་ནང༌། ྋགོང་ས་ལྔ་པས་དྲང་དོན་དང་ངེས་དོན་གྱི་མཛད་པ་བསྐྱངས་ཡོད། ྋགོང་ས་ལྔ་པས་འཕྲིན་བཅོལ་ཞིག་ཀྱང་མཛད་ཡོད་ཅེས་འཕྲིན་བཅོལ་གྱི་དེབ་བཏོན་འདུག འཕྲིན་བཅོལ་དེ་ྋགོང་ས་ལྔ་པའི་ཡིན་དང་མིན་ང་ཚོས་བཤད་ཁག་པོ་ཡིན། གང་ཡིན་ཞེ་ན་ྋགོང་ས་ལྔ་པའི་གསུང་ཕྱི་མ་དང༌། གསུང་ནང་མ། གསུང་བཀའ་རྒྱ་མ་གསང་བ་རྒྱ་ཅན་བཅས་པོད་ཉི་ཤུ་རྩ་ཙམ་ཡོད་པ་རྣམས་བྲིས་མ་ཤ་སྟག་རེད།

༼གསལ་བཤད། གོང་གསལ་བཀའ་སློབ་ཀྱི་འཕྲོས་རྣམས་རྩད་ཞིབ་ཞུས་ཀྱང་ལག་སོན་མ་བྱུང་བས་འདིར་ཕྱི་ལོ་ཟླ་ཚེས་བཀོད་མ་ཐུབ་ཅིང༌། སླད་ཀློག་པ་པོ་སུ་ལ་བཀའ་སློབ་འདི་ཆ་ཚང་ཞིག་ཡོད་ཀྱང་འདི་གར་གནང་སྐྱོང་ཡོད་པ་ཞུ། དཔར་ཐེངས་གཉིས་པར་འཇུག་འགོད་ཞུ་རྒྱུ་ཡིན།༽