གལ་ཆེའི་གསུང་འཕྲིན།

༄༅། །སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Shri Ram Nath Kovind མཆོག་རྒྱ་གར་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནས་དགའ་བསུའི་འཚམས་འདྲི་སྩལ་གནང་མཛད་པའི་ནང་འཁོད་དོན། འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༨ འཁོར་བཞིན་ཡོད། རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ ༡༣༠ ༠༠༠ མུ་མཐུད་གནས་བཞིན་པ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་ཡིན།

(ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་ལམ་ཞུས་པར་༧གོང་ས་མཆོག་གི་སྐུ་ཚབ་གསུང་བསྒྱུར་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་དང་། ཀླད་རྩའི་ཚན་རིག་པ་གཙུག་ལག་སློབ་དཔོན་སྐུ་ཞབས་རི་ཆི་ཌེ་ཝི་ཌི་སན་ལགས། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གེར་ལགས་བཅས་ནས་གཟེངས་རྟགས་དེ་བཞེས་ཡོད་པ་དང་། མཛད་སྒོར་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བསྟི་གནས་ཁང་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་བ་འདི་ལྟར།) བརྩེ་བའི་སྤུན་ཟླ་ཕོ་མོ་རྣམས་ལ། ཐོག་མར་ངོས་རང་ལུས་པོའི་འཕྲོད་བསྟེན་གྱི་རྐྱེན་པས་ཐེངས་འདིར་དངོས་སུ་བཅར་ཏེ་གལ་ཆེའི་གཟེངས་རྟགས་ལེན་མ་ཐུབ་

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་གྲོས་ཚོགས་ཚོགས་འདུ་རྒྱས་འཛོམས་ཐོག་སྩལ་བའི་སྦར་སིལ་གསུང་བཤད།

ྋགོང་ས་ྋམཆོག་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ངོས་བཞེས་མཛད་པའི་གསུང་བཤད།