རྒྱ་གར་ནང་ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་ཀྱི་སྙིང་དོན་དར་འཕེལ་བྱུང་ནས་ལོ་ངོ་ལོ་སྟོང་ཕྲག་གཉིས་ཕྱིན་ཟིན།

མདུན་ངོས། / རྒྱ་གར་ནང་ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་ཀྱི་སྙིང་དོན་དར་འཕེལ་བྱུང་ནས་ལོ་ངོ་ལོ་སྟོང་ཕྲག་གཉིས་ཕྱིན་ཟིན།

ངོས་ཀྱི་མཐོང་ཚུལ་ལྟར་ན། དབང་པོ་རྣོན་པོའི་དབང་དུ་བྱས་ཚེ་རང་ཉིད་ནང་པར་མ་གྱུར་སྔོན་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་པར་མཐོང་གི་འདུག །ཚད་རྡུལ་དངོས་ཁམས་རིག་པ་དང་འབྲེལ་ནས་བཤད་ན་ནང་པའི་སྟོང་ཉིད་ཀྱི་ལྟ་བའི་སྐོར་དེ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་ཞིག་ཡིན་ཅིང་། ནུབ་ཕྱོགས་པའི་ཚད་རྡུལ་དངོས་ཁམས་རིག་པ་དེ་གཞི་ནས་གསར་དུ་འགོ་ཚུགས་པ་ཙམ་ཞིག་ཡིན། ངོས་ཀྱི་ངོ་ཤེས་རྒྱ་གར་བའི་རྡུལ་ཕྲན་ཚན་རིག་པ་རཱ་ཇཱ་ར་མ་ནྣཱས། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཚད་རྡུལ་དངོས་ཁམས་རིག་པ་དེ་ལྟ་ཚུལ་གསར་པ་ཞིག་ཡིན་ཀྱང་། རྒྱ་གར་ནང་ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་ཀྱི་སྙིང་དོན་དར་འཕེལ་བྱུང་ནས་ལོ་ངོ་ལོ་སྟོང་ཕྲག་གཉིས་ཕྱིན་ཟིན་ཞེས་བརྗོད་བྱུང་།

 (ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ནས་ ༦ བར་གཙུག་ལག་ཁང་དུ་ཐའེ་ཝན་གྱི་ཆོས་ཞུ་བར་སྩལ་བའི་དབུ་མ་འཇུག་པའི་བཀའ་ཁྲིད་ལས་བཏུས།)