སྲོལ་རྒྱུན་སྣ་མང་དགོས་པའི་རྩ་དོན་གྱི་གལ་ཆེའི་རང་བཞིན།

མདུན་ངོས། / སྲོལ་རྒྱུན་སྣ་མང་དགོས་པའི་རྩ་དོན་གྱི་གལ་ཆེའི་རང་བཞིན།

ཆོས་ལུགས་སོ་སོ་ལ་ལྟ་བ་ཐ་དད་པ་རེ་ཡོད་ཀྱང༌། ཆོས་ལུགས་སྣ་མང་གི་འདུ་ཤེས་རྣལ་མ་ཞིག་ང་ཚོས་ངེས་པར་དུ་གོང་འཕེལ་གཏོང་དགོས། འདི་ནི་ང་ཚོར་འགྲོ་བ་མིའི་ཐོབ་ཐང་དེ་ཡོངས་ཁྱབ་ཀྱི་རྩ་དོན་ཞིག་ཡིན་པའི་གདེང་འཇོག་བརྟན་པོ་ཞིག་ཡོད་ན་ལྷག་ཏུ་བདེན་པ་ཡིན་ཞིང༌། འདིའི་ཐད་ནས་འཛམ་གླིང་གི་ཆོས་ལུགས་ཁག་གི་གྲོས་ཚོགས་ཟེར་བ་ཞིག་བྱུང་ན་ཧ་ཅང་ལེགས་པར་མཐོང༌། དེ་ཡང་གྲོས་ཚོགས་ཞེས་པའི་ཚིག་འདིས་དམངས་གཙོའི་འདུ་ཤེས་ཤིག་སྟོན་ཞིང༌། ཆོས་ལུགས་ཁག་ཅེས་པའི་ཚིག་གིས་སྲོལ་རྒྱུན་སྣ་མང་དགོས་པའི་རྩ་དོན་གྱི་གལ་ཆེའི་རང་བཞིན་མཚོན་ཐུབ། གྲོས་ཚོགས་དེ་ལྟ་བུས་མཚོན་ཐུབ་པའི་ཆོས་ལུགས་སྣ་མང་གི་འདུ་ཤེས་རྣལ་མ་ལ་ཕན་ཡོན་རླབས་ཆེན་ཞིག་ཡོད་ངེས་ཤིང༌། ཕྱོགས་གཅིག་ནས་འདུ་ཤེས་དེས་ཆོས་ལུགས་དང་འབྲེལ་བའི་རྨོངས་ཞེན་མཁྲེགས་འཛིན་གྱི་བྱ་སྤྱོད་ཐལ་དྲགས་པ་རྣམས་ཟློག་ཐུབ་པ་དང༌། ཕྱོགས་གཞན་ནས་དེས་གྲུབ་མཐའ་ཐ་དད་པ་རྣམས་གཅིག་གྱུར་བྱེད་འདོད་ཅིང་དགོས་པ་མེད་པའི་མངོན་འདོད་དྲག་པོ་དེའང་འགོག་ཐུབ།

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།