ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་ལ་འབྱུང་ཁུངས་གཙོ་བོ་གཉིས་ཡོད།

མདུན་ངོས། / ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་ལ་འབྱུང་ཁུངས་གཙོ་བོ་གཉིས་ཡོད།

ང་ཚོས་ཞིབ་ཏུ་བསམ་གཞིག་བྱེད་སྐབས། ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་ལ་འབྱུང་ཁུངས་གཙོ་བོ་གཉིས་ཡོད་པར་མཐོང་ཐུབ་ལ། རྩོད་རྙོག་གཅིག་གི་འབྱུང་ཁུངས་ནི་ཆོས་ལུགས་སྣ་མང་གི་རང་བཞིན་ཏེ། ཆོས་ལུགས་ཕན་ཚུན་བར་ལ་གྲུབ་མཐའ་དང་རིག་གཞུང༌། ད་དུང་མངོན་གསལ་དོད་པོའི་ཉིན་རེའི་འཚོ་བའི་གོམས་སྲོལ་སོགས་ཀྱི་ཁྱད་པར་ཡོད་པ་འདི་དང༌། དེ་ནས་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྒྱབ་ལྗོངས་དང༌། ལྷག་ཏུ་སྒྲིག་འཛུགས་ཀྱི་གནས་རིམ་དུ་འབྱུང་གི་ཡོད་པའི་རྩོད་རྙོག་ཅིག་ཡོད། ཆོས་ལུགས་ཀྱི་མཐུན་འབྲེལ་ལ་བརྟེན་ནས་ང་ཚོ་རྩོད་རྙོག་སྔ་མའི་རིགས་ལས་རྒྱལ་ཐུབ་ཀྱང༌། ཕྱི་མའི་རིགས་ལ་མཚོན་ན། སེལ་ཐབས་གཞན་ཞིག་ང་ཚོས་ངེས་པར་དུ་བཙལ་དགོས་ཤིང༌། ཆོས་སྲིད་གཉིས་སོ་སོར་ཕྱེས་ཏེ། ལྷག་ཏུ་ཆོས་ལུགས་ཀྱི་གོ་གནས་དང་སྲིད་གཞུང་གི་སྒྲིག་འཛུགས་ཁག་གི་བར་ལ་ཁྱད་པར་ཕྱེས་ན། སྒྲིག་འཛུགས་ཀྱི་ངོས་ནས་འབྱུང་གི་ཡོད་པའི་ཆོས་ལུགས་ཀྱི་རྩོད་རྙོག་ཇེ་ཉུང་དུ་འགྲོ་རྒྱུ་རེད། གང་ལྟར་ཡང་ང་ཚོས་ལེའུ་འདིའི་ནང་དུ་ཆོས་ལུགས་ཀྱི་མཐུན་འབྲེལ་ལ་གཙོ་བོར་བལྟ་རྒྱུ་ཡིན།

 སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།