སྲིད་དོན་གྱི་རྟེན་འབྲེལ་དེའང་ཇེ་ཟབ་ཏུ་འགྲོ་ངེས་ཡིན། 

མདུན་ངོས། / སྲིད་དོན་གྱི་རྟེན་འབྲེལ་དེའང་ཇེ་ཟབ་ཏུ་འགྲོ་ངེས་ཡིན། 

ད་དུང་འཛམ་གླིང་གི་དཔལ་འབྱོར་ཅི་ཙམ་འཕེལ་རྒྱས་བྱུང་ན། དེ་ཙམ་གྱིས་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ནི་མངོན་གསལ་དོད་པོས་གཅིག་ལ་གཅིག་རྟེན་དུ་འགྱུར་བའི་བདེན་པ་འདི་ཡང་ངོས་ཀྱིས་རེ་བའི་ཡུལ་ཞིག་ཏུ་བཟུང་ཡོད། འཕེལ་རྒྱས་དེའི་རྐྱེན་གྱིས་རྒྱལ་ཁབ་ཚང་མ་ཕན་ཚུན་ལ་བརྟེན་དགོས་པ་དང༌། དེང་དུས་ཀྱི་དཔལ་འབྱོར་ལའང་རང་བྱུང་གི་ཁོར་ཡུག་དང་འདྲ་བར་ས་མཚམས་མེད་པར་གྱུར་ཡོད། ཐ་ན་ཕན་ཚུན་ལ་འཁོན་སེམས་མངོན་གསལ་དུ་བཟུང་ཡོད་པའི་རྒྱལ་ཁབ་ཚོས་ཀྱང་འཛམ་གླིང་གི་ཐོན་ཁུངས་རྣམས་བེད་སྤྱོད་བྱེད་པར་མཉམ་འབྲེལ་བྱེད་དགོས་ཤིང༌། དཔེར་ན། མཚམས་རེར་རྒྱལ་ཁབ་དེའི་རིགས་ཀྱིས་ཆུ་བོ་གཅིག་ལ་བརྟེན་དགོས་པའང་ཡོད། དཔལ་འབྱོར་གྱི་རྟེན་འབྲེལ་དེ་ཅི་ཙམ་ཇེ་ཟབ་ཏུ་སོང་ན། སྲིད་དོན་གྱི་རྟེན་འབྲེལ་དེའང་ཇེ་ཟབ་ཏུ་འགྲོ་ངེས་ཡིན།  

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།