ཚོགས་སྡེ་བྱེ་བྲག་པ་ཞིག་གི་ཁེ་ཕན་དེ་སོ་སོའི་མངའ་ཁོངས་ལས་བརྒལ་མེད་པར་སེམས་མི་ཐུབ་པའི་དུས་སྐབས་ཤིག་ལ་སླེབས་ཡོད།

མདུན་ངོས། / ཚོགས་སྡེ་བྱེ་བྲག་པ་ཞིག་གི་ཁེ་ཕན་དེ་སོ་སོའི་མངའ་ཁོངས་ལས་བརྒལ་མེད་པར་སེམས་མི་ཐུབ་པའི་དུས་སྐབས་ཤིག་ལ་སླེབས་ཡོད།

མི་ཕལ་ཆེ་བས་སོ་སོའི་རིགས་ཀྱི་ནང་ཁོངས་སུ་གཅིག་སྒྲིལ་དང༌། ཕན་ཚུན་གྱི་བདེ་སྡུག་ལ་ཐུགས་ཁུར་དགོས་པར་ཁས་ལེན་བྱེད་འདོད་ཡོད་རུང༌། འགྲོ་བ་མིའི་རིགས་གཞན་དག་སྣང་མེད་དུ་བསྐྱུར་བའི་རང་གཤིས་ཤིག་ཡོད་པར་སྣང༌། འདི་ལྟར་བྱེད་པའི་རྐྱེན་གྱིས་ང་ཚོས་རྒྱལ་སྤྱིའི་དངོས་ཡོད་གནས་ལུགས་ཀྱི་ངོ་བོ་ཙམ་དུ་མ་ཟད། སོ་སོའི་གནས་སྟངས་ཀྱི་དངོས་ཡོད་གནས་ལུགས་ཀྱང་སྣང་མེད་དུ་གཏོང་གི་ཡོད། གལ་སྲིད་ཚོགས་པ་གཅིག་དང༌། མི་རིགས་གཅིག ཡང་ན་རྒྱལ་ཁབ་གཅིག་ལ་མཚོན་ན། སོ་སོའི་ས་མཚམས་ཀྱི་ནང་ཁོངས་སུ་གཞན་ལ་བརྟེན་མ་དགོས་པར་མཐུན་རྐྱེན་ཡོད་ཚད་ཚང་ཞིང༌། མང་ཚོགས་ཀྱི་ཡིད་ཚིམ་པ་དང་རེ་འདོད་ཐམས་ཅད་འགྲུབ་ཀྱི་ཡོད་ན། ཕྱིའི་ཕྱོགས་ཀྱི་མི་རྣམས་ལོགས་སུ་འབྱེད་པ་ནི་རྒྱུ་མཚན་དང་མཐུན་པ་ཞིག་ཡིན་པར་ཕལ་ཆེར་རྩོད་སྒྲུབ་བྱེད་ཆོག་ཀྱང༌། དེ་ལྟར་ཡོང་ཐབས་མེད་པ་དང༌། དེང་དུས་ཀྱི་འཛམ་གླིང་ནི་ཚོགས་སྡེ་བྱེ་བྲག་པ་ཞིག་གི་ཁེ་ཕན་དེ་སོ་སོའི་མངའ་ཁོངས་ལས་བརྒལ་མེད་པར་སེམས་མི་ཐུབ་པའི་དུས་སྐབས་ཤིག་ལ་སླེབས་ཡོད། 

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།