སྙིང་རྗེ་དང་ཤེས་རབ་ནི་རྩ་འཛིན་གཙོ་བོ་ཞིག་ཡིན།

མདུན་ངོས། / སྙིང་རྗེ་དང་ཤེས་རབ་ནི་རྩ་འཛིན་གཙོ་བོ་ཞིག་ཡིན།

ཉིན་རེའི་འཚོ་བའི་ནང་དུ་གྲོགས་པོ་དང་ངོ་ཤེས་ཀྱི་རེ་འདོད་བཞིན་ང་ཚོས་གང་ལ་གང་འཚམ་གྱིས་བསྟུན་ཞིང༌། དེ་ལྟར་བསྟུན་ཐུབ་པའི་ནུས་པ་ནི་ཡོན་ཏན་ཞིག་ཏུ་མཐོང་གི་ཡོད་རུང༌། སོ་སོའི་ཁེ་ཕན་སྲུང་ཞིང་གཞན་གྱི་བདེ་སྡུག་སྣང་མེད་དུ་བསྐྱུར་བ་སོགས་མི་དགེ་བའི་ལས་བྱེད་མཁན་ཚོ་དང་འགྲོགས་ན། ང་ཚོ་ནི་སེམས་ཀྱི་གཏད་སོ་བོར་བའི་ཉེན་ཁ་ལ་འཕྲད་རྒྱུ་རེད། གཏད་སོ་བརླགས་པའི་རྐྱེན་གྱིས་གཞན་ལ་གྲོགས་བྱེད་པའི་ང་ཚོའི་ནུས་པའང་ཉམ་དམས་སུ་འགྲོ་ངེས་རེད། ང་ཚོ་བོད་པ་ཚོར་གཏམ་དཔེ་འདི་ལྟ་བུ་ཞིག་ཡོད་དེ། ང་ཚོ་གསེར་གྱི་རི་བོའི་སྟེང་དུ་བསྡད་ན། ང་ཚོའི་སྟེང་དུ་གསེར་འགོས་པ་དང༌། ཐལ་བའི་ནང་དུ་བསྡད་ན་ང་ཚོར་ཐལ་བ་འགོས་རྒྱུ་རེད། མི་དེའི་རིགས་དང་ཐག་རིང་དུ་གནས་ན་བཟང་ཡང་འབྲེལ་བ་གཏན་དུ་གཅོད་མི་རུང༌། དོན་དངོས་སུ་བརྗོད་ན། ཁོ་ཚོས་བྱ་སྤྱོད་དེའི་རིགས་སྟོན་པར་བཀག་འགོག་བྱེད་པའི་གོ་སྐབས་འོས་འཚམ་ཡང་ང་ཚོར་མཚམས་རེར་ཡོད་པ་དང༌། དེ་ལྟར་བྱེད་སྐབས་རང་གི་ཀུན་སློང་གཙང་ཞིང་བྱེད་ཐབས་འཚེ་བ་མེད་པ་ཞིག་ཡིན་དགོས་ཤིང༌། འདིར་ཡང་སྙིང་རྗེ་དང་ཤེས་རབ་ནི་རྩ་འཛིན་གཙོ་བོ་ཞིག་ཡིན།
 
སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།