སེམས་ཀྱི་སྟོབས་ཤུགས་ནི་རྒྱུན་དུ་དཀའ་སྡུག་ཆེ་ཤོས་ཀྱི་སྐབས་སུ་འབྱུང་གི་ཡོད།

མདུན་ངོས། / སེམས་ཀྱི་སྟོབས་ཤུགས་ནི་རྒྱུན་དུ་དཀའ་སྡུག་ཆེ་ཤོས་ཀྱི་སྐབས་སུ་འབྱུང་གི་ཡོད།

སེམས་ཀྱི་སྟོབས་ཤུགས་དང་ཤེས་རབ་གོང་འཕེལ་འགྲོ་བའི་དུས་ནི། རྒྱུན་དུ་དཀའ་སྡུག་ཆེ་ཤོས་ཀྱི་སྐབས་སུ་འབྱུང་གི་ཡོད་པ་རང་ཉིད་ལ་དྲན་གསོ་བྱས་ནའང་རིན་ཐང་ཆེ་ཞིང༌། འདིར་ཡང་ང་ཚོས་ལེགས་ཕྱོགས་ཀྱི་བསམ་བློའི་འཁྱེར་སོའམ་འདུ་ཤེས་འཛིན་སྟངས་ཤིག་གོང་དུ་སྤེལ་དགོས་པའི་གལ་ཆེའི་རང་བཞིན་དེ་མཐོང་ཐུབ་པ་དང༌། འཛིན་སྟངས་ཆ་འགྲིག་པོ་ཞིག་བྱུང་ན། ང་ཚོས་སྡུག་བསྔལ་གྱི་མྱོང་བར་བརྟེན་ནས་དངོས་ཡོད་གནས་ལུགས་ལ་སོ་སོའི་མིག་རྒྱ་སྐྱེད་ཐུབ་ཀྱི་རེད། དཔེར་ན། སྐྱབས་བཅོལ་བ་ཞིག་གི་ཚུལ་དུ་འཚོ་བའི་ངོས་རང་གི་ཉམས་མྱོང་ལ་བརྟེན་ནས་ངོས་ཀྱིས་སྔོན་བོད་དུ་རང་གི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པའི་ལམ་སྲོལ་སྣ་ཚོགས་དགོས་ངེས་མིན་པ་རྟོགས་བྱུང༌། 

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།