ཐབས་ཤེས་ཟུང་འབྲེལ་གྱིས་རྙོག་འཛིང་ལ་གདོང་ལེན།

མདུན་ངོས། / ཐབས་ཤེས་ཟུང་འབྲེལ་གྱིས་རྙོག་འཛིང་ལ་གདོང་ལེན།

རྙོག་འཛིང་ཆེ་བའི་བླང་དོར་གྱི་གདམ་ཀ་ཞིག་ལ་མཚོན་ན། ང་ཚོས་དེའི་གནས་སྟངས་ཀྱི་ཆ་ཐམས་ཅད་ལ་བསམ་གཞིག་བྱེད་དགོས་པ་དང༌། བསམ་གཞིག་བྱེད་སྟངས་འདི་ལ་ནང་པའི་གཞུང་དུ་གསུངས་པའི་ཐབས་ཤེས་ཟུང་འབྲེལ་ལྡན་དགོས། དེ་ཡང་ཐབས་ཞེས་པ་ནི་ང་ཚོས་རང་གི་བྱ་སྤྱོད་ཐམས་ཅད་སྙིང་རྗེས་ཀུན་ནས་སློང་དུ་འཇུག་པར་བྱེད་པ་དང༌། ཤེས་ནི་ཤེས་རབ་སྟེ། ང་ཚོས་འཚེ་བ་མེད་པའི་རྩ་འཛིན་དེ་མིག་སྔར་ཡོད་པའི་གནས་སྟངས་ལ་བསྟུན་ཐབས་བྱེད་བཞིན། འབྲེལ་ཡོད་ཀྱི་རྒྱུ་རྐྱེན་ཐམས་ཅད་ལ་ཡ་ལན་སྟེར་བའི་ང་ཚོའི་རྣམ་དཔྱོད་ཡིན། ཤེས་རབ་ནི་ལེགས་ཉེས་ལེགས་པར་འབྱེད་པའི་རྣམ་དཔྱོད་བློ་གྲོས་དང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག །

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།