ཁོང་ཁྲོ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མི་མང་པོས་གཡོལ་ཞིང་རང་ཉིད་ཁེར་རྐྱང་དུ་ལྷག་ངེས།

མདུན་ངོས། / ཁོང་ཁྲོ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མི་མང་པོས་གཡོལ་ཞིང་རང་ཉིད་ཁེར་རྐྱང་དུ་ལྷག་ངེས།

ཟང་ཟིང་གི་རྟོག་པ་དང་མྱོང་ཚོར་ནི།  རང་གཞན་གང་ལའང་ཕན་ཐོགས་པའི་སྐབས་ཤིག་མེད་པ་དང༌། ང་ཚོ་ཁོང་ཁྲོ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མི་མང་པོ་ང་ཚོ་ལ་གཡོལ་ཞིང༌། ང་ཚོར་དོགས་ཟོན་ཅི་ཙམ་ཆེ་ན། དེ་ཙམ་གྱིས་ང་ཚོ་མི་གཞན་དང་འབྲེལ་ཐག་རིང་དུ་སོང་ནས་ཁེར་རྐྱང་དུ་ལྷག་ཅིང༌། ང་ཚོ་ཆགས་ཞེན་ཅི་ཙམ་ཆེ་ན། དེ་ཙམ་གྱིས་ང་ཚོས་གཞན་དང་འབྲེལ་བ་ལེགས་པོ་ཞིག་འཛུགས་མི་ཐུབ་པར་རང་ཉིད་ཁེར་རྐྱང་དུ་ལྷག་གི་ཡོད། འདོད་ཆགས་དང་ཞེན་ལོག །རྔམ་སེམས་དང་ང་རྒྱལ་གྱི་ཧམ་སེམས་ལྟ་བུའི་ཉོན་མོངས་རགས་པས་གཙོ་བོར་ཁ་ལོ་བསྒྱུར་པའི་མི་ཚོའི་བྱ་སྤྱོད་ལ་སོམས་དང༌། མི་འདི་ལྟ་བུ་ཞིག་སྟོབས་འབྱོར་མངའ་ཐང་དར་ནས་ལོ་རྒྱུས་ཀྱི་ནང་དུ་འགོད་སྲིད་ཀྱང༌། ཤི་བའི་རྗེས་སུ་སྟོབས་འབྱོར་མངའ་ཐང་དེ་ཡང་ཚིག་སྟོང་ཞིག་ལས་ཅི་ཡང་མིན་ཏེ། མི་འདིའི་རིགས་ཀྱིས་མཛད་རྗེས་ཅི་ཞིག་བཞག་ཡོད་དམ། 

སྟོང་ལོ་གསར་བའུ་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།