སོ་སོའི་དུངས་སེམས་ལ་ཡ་ལན་སྟེར་ཐུབ་པའི་གྲོགས་པོ་དགོས།

མདུན་ངོས། / སོ་སོའི་དུངས་སེམས་ལ་ཡ་ལན་སྟེར་ཐུབ་པའི་གྲོགས་པོ་དགོས།

ང་ཚོ་ཚང་མར་གྲོགས་པོ་དགོས་ཤིང༌། རང་ཉིད་ཀྱི་མཚན་སྙན་དང་གནས་སྟངས་ཇི་འདྲ་ཞིག་ཡིན་ཡང༌། ཚང་མས་གྲོགས་པོ་འདོད་ཀྱི་ཡོད། ཆུ་ཚོད་ཀྱིས་ངོས་རང་གི་ཡིད་དབང་རྟག་ཏུ་འཕྲོག་པ་དང༌། ངོས་ནི་རང་ཉིད་ཀྱི་མཁྲིག་མའི་སྟེང་དུ་གྱོན་ཡོད་པའི་ཆུ་ཚོད་ལ་ལྷག་ཏུ་དགའ་ཡང༌། དེས་ཚུར་ལ་དུངས་སེམས་ཤིག་ནམ་ཡང་སྟོན་མི་སྲིད། དུངས་སེམས་ཀྱི་བདེ་བ་མྱོང་བར་ང་ཚོར་སོ་སོའི་དུངས་སེམས་ལ་ཡ་ལན་སྟེར་ཐུབ་པའི་གྲོགས་པོ་དགོས་ནའང༌། གྲོགས་པོ་ལ་རིགས་མང་སྟེ། རྒྱུ་ནོར་སྙན་གྲགས་དང་གོ་གནས་ཀྱི་གྲོགས་པོ་ཡིན་པ་ལས། འདི་དག་ལྡན་པའི་གང་ཟག་རང་གི་གྲོགས་པོ་མ་ཡིན་པའང་ཡོད། འོན་ཀྱང༌། ངོས་ཀྱིས་འདིར་གླེང་བཞིན་པའི་གྲོགས་པོ་ནི། རྒྱུ་ནོར་དང་ཕྱི་ཚུལ་ཙམ་གྱི་གྲོགས་པོ་མ་ཡིན་པར། སོ་སོའི་མི་ཚེའི་ནང་དཀའ་སྡུག་གི་གནས་སྟངས་ཤིག་བྱུང་བའི་སྐབས་སུ་རང་གི་ཉེ་གམ་དུ་ཡོད་པའི་གྲོགས་པོ་རྣམས་ཡིན། 

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།