དྲ་ལམ་ནས་བགྲོ་གླེང་།

མདུན་ངོས། / དྲ་ལམ་ནས་བགྲོ་གླེང་།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨོ་སི་ཁྲི་ལི་ཡའི་སི་ནེ་གཙུག་ལག་མཐོ་སློབ་ཀྱི་ཀླད་པ་དང་སེམས་ཀྱི་ཞིབ་འཇུག་ཁང་གི་སློབ་དཔོན་ཨི་ཡན་ཧི་ཀི་(Ian Hickie)ལྷན་དུ་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྒྱུ་དང་། མཛད་རིམ་འདི་བཞིན་ཨོ་སི་ཁྲི་ལི་ཡའི་ནང་དུ་ཕྱི་ལོ་ ༢༠༢༠ ནང་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུའི་ཆ་ཤས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མཛད་རིམའདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
གཟའ་ཕུར་བུ།, ཟླ་བཅུ་གཅིག་པ 19, 2020