དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས།

མདུན་ངོས། / དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ ནས་ ༤ བར།
ཉིན་གྲངས་གསུམ་རིང་གི་སྔ་དྲོའི་ཆུ་ཚོད་ ༩ པ་ནས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཆུ་ཚོད་ ༡༠ པ་ནས་ ༡༠།༣༠ བར་ཆོས་ཞུ་བའི་ཁྲོད་ཀྱི་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་རྒྱུ། བཀའ་ཆོས་འདི་བཞིན་ཨིན་ཇི། རྒྱ་གར། བལ་ཡུལ། རྒྱ་ནག། ཧྥ་རན་སི། ར་ཤི་ཡ། སི་པེན། ཝེ་ཏི་ནམ། ཉི་ཧོང་། སོག་པོ། ཀོ་རི་ཡ། འཇར་མན། པོར་ཇུ་གྷལ། ཨི་ཊ་ལི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། དོན་གཉེར་ཅན་རྣམས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་དང་། ངོ་དེབ་ནང་ཐད་ཀར་གསན་གཟིགས་གནང་ཐུབ། ཆོས་ཞུ་བ་རྣམས་ནས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
གཟའ་ཉི་མ།, ཟླ་བཅུ་བ 4, 2020